ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཕྷི་རནྶ་ཡིས་ཨ་ཕྷི་རི་ཀའི་ནང་དྲག་པོའི་ཐེ་བྱུས་བྱེད་ཤུགས་ཆེ་རུ་བཏང་ཡོད་པ།


དབུས་ཕྱོགས་ཨ་ཕྷི་རི་ཀའི་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་ཆོས་ལུགས་འཐེན་འཁྱེར་གྱི་དྲག་ཟིང་ལང་ཡོད་པ་དེ་ཞོད་འཇགས་སུ་གཏོང་རྒྱུའི་ཆེད་དུ་ཕྷི་རནྶ་ཡིས་དམག་མི་མངགས་གཏོང་བྱས་ཏེ་ ཨ་ཕྷི་རི་ཀའི་རྒྱལ་ཁབ་དེའི་གཞུང་གི་དཔུང་དམག་ལ་རོགས་སྐྱོར་བྱེད་ཀྱི་ཡོད་པ་འདི་ནི་ ཡུ་རོབ་ཀྱི་ནང་འགྱུར་འགྲོས་གསར་པ་ཞིག་མཚོན་གྱི་ཡོད་པ་དམག་དོན་ཉམས་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ དེ་ལྟར་ཕྷི་རནྶ་ཡིས་ དེང་སང་གླིང་ཆེན་ཨ་ཕྷི་རི་ཀ་གཙོ་བོར་གྱུར་བའི་ཕྱི་རྒྱལ་ཡུལ་ཁག་གི་ནང་དྲག་ཟིང་མཚམས་འཇོག་ཡོང་ཐབས་སུ་དམིགས་ཏེ་དྲག་པོའི་ཐེ་བྱུས་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་སྐབས་འདིར་ དབྱིན་ཡུལ་གྱིས་དེ་འདྲ་བྱ་རྒྱུའི་བློ་སྟོབས་ཆུང་དུ་འགྲོ་གི་ཡོད་པའི་རྣམ་པ་ཞིག་ཐོན་གྱི་ཡོད་པའི་སྐོར་ འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཧེན་རི་ རིཅ་ཝེལ་གྱིས་སྤེལ་བའི་གནས་ཚུལ་ཞིག་ དཔལ་མོ་མཁས་གྲུབ་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG