ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་པ་སངས། ༢༠༢༦/༠༢/༠༦
བོད།
བོད་པ་ཆབ་སྲིད་བཙོན་ཟུར་ཞིག་འདས་གྲོངས།
༢༢།༠༤།༢༠༢༠
བོད་པ་ཆབ་སྲིད་བཙོན་ཟུར་ཞིག་འདས་གྲོངས།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
Embed
share
བོད་པ་ཆབ་སྲིད་བཙོན་ཟུར་ཞིག་འདས་གྲོངས།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:03:56
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
༄༅།། རྒྱ་ནག་གཞུང་གིས་ཆ་བགོ་བྱས་པའི་བོད་རང་སྐྱོང་ལྗོངས། སོག་རྫོང་རོང་པོ་ཤང་། རོང་པོ་རབ་བརྟན་དགོན་པའི་དགེ་འདུན་པ་ཤེས་རབ་ལ་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཉེས་མིང་བཏགས་ནས་སྤུན་མཆེད་མི་སྐྱ་ཞིག་དང་མཉམ་དུ་བོད་ཀྱི་རྒྱལ་ས་ལྷ་སར་༢༠༡༧་ལོའི་ཕྱི་ཟླ་༡༢་པའི་མགོ་སྟོད་དུ་འཛིན་བཟུང་གིས་ལྷ་ས་ཉེ་ཁུལ་གྱི་བཙོན་ཁང་ཞིག་ཏུ་ཟླ་བ་གསུམ་ལ་བཙོན་འཇུག་བྱས་པར་མ་ཟད། བཙོན་ཁང་དུ་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་གནར་གཅོད་དྲག་པོ་བཏང་སྟེ་སྲོག་ལ་ཉེན་ཁ་འཕྲད་པའི་དུས་སུ་གློད་གྲོལ་བཏང་འདུག རབ་བརྟན་དགོན་པའི་གྲྭ་ཤེས་རབ་བཙོན་ཁང་ནས་ཕྱི་ལ་བཏང་བའི་སྐབས་སུ་སྐད་ཆ་བཤད་མི་ཐུབ་པ་དང་གཟུགས་པོ་འགུལ་མི་ཐུབ་པར་གྱུར། ཡིན་ནའང་ཁོང་གི་སྤྱི་དམངས་ཐོབ་ཐང་ལག་འཁྱེར་རྒྱ་གཞུང་གིས་ནག་ཉེས་ཅན་གྱི་མིང་ཐོ་ནག་པོའི་ཁོངས་སུ་བཅུག་པས་སྨན་ཁང་ཆེ་ཆུང་གང་དུའང་བསྟེན་གཏུག་བྱེད་མི་ཆོག་པ་བཟོས་ཤིང་། མཐར་ཉེ་ཆར་༢༠༢༠་ལོའི་ཕྱི་ཟླ་༤་ཚེས་༡༨་ཉིན་རང་ཁྱིམ་དུ་འདས་གྲོངས་སུ་གྱུར་འདུག་ཅེས་མིང་འདོན་བྱེད་འདོད་མེད་པའི་འབྲེལ་ཡོད་བོད་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་བྱུང་།།
ཡང་སྲིད་ངོས་འཛིན་གནང་བའི་བཀའ་ཡིག་སྟེ།
རྒྱ་ནག་གཞུང་གིས་གྲྭ་ཤེས་རབ་འཛིན་བཟུང་བྱས་དོན་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་ཡུལ་ལྷོ་ཕྱོགས་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་སེར་བྱེས་གྲ་ཚང་། ལྷོ་པ་ཁམས་ཚན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་ཆོས་ལྡན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་བའི་བཀའ་ཡིག་སྟེ། ༢༠༡༧་ལོའི་ཕྱི་ཟླ་༡༡་པའི་ཚེས་༧་འཁོད་པ་ཞིག་ཅིག་སྐད་འཕྲིན་བརྒྱབ་ངོས་སུ་བཞག་ཡོད་པ་ནག་ཉེས་སུ་བརྩིས་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་འདུག ཁོང་གི་མཉམ་དུ་སྤུན་མཆེད་མི་སྐྱ་ཞིག་འཛིན་བཟུང་བྱས་པའང་ཟླ་བ་༦་ལ་བཙོན་འཇུག་བྱས་ནས་གློད་གྲོལ་བཏང་ཡོད་པ་རེད།།
རྒྱ་ནག་གཞུང་གིས་རབ་བརྟན་དགོན་པའི་གྲྭ་ཤེས་རབ་འཛིན་བཟུང་བྱས་པའི་གནད་དོན་གཞན་ཞིག་ནི་དེ་སྔ་རོང་པོ་རབ་བརྟན་དགོན་པར་བཞུགས་པའི་སྐབས་སུ་དགོན་པའི་ནང་དུ་དོལ་རྒྱལ་བསྟེན་སྲོལ་བྱེད་མཁན་ཚོར་དགག་པ་ཤུགས་ཆེན་བརྒྱབ་པ་དང་། ཁོང་དོལ་རྒྱལ་བསྟེན་སྲོལ་མི་བྱེད་མཁན་དགེ་འདུན་པ་མང་པོ་ཞིག་དགོན་པ་ནས་ཕྱིར་ཕུད་བཏང་བ་དེ་དག་གྲས་སུ་དགོན་པ་ནས་ཕྱིར་ཕུད་བཏང་སྟེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཕྱི་ལོགས་ཀྱི་ཁ་བྲལ་རིང་ལུགས་པ་ཚོར་བློ་གཏད་བཅོལ་ནས་མེས་རྒྱལ་ལ་རྒྱབ་གཏོད་བྱེད་མཁན་རེད་ཅེས་ནག་ཉེས་བཙུགས་ཡོད་པའི་གནས་ཚུལ་ཐོན་འདུག
གསར་འགོད་པར་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་པ་ལྟར་ན། གྲྭ་ཤེས་རབ་དགོན་པ་ནས་ཕྱིར་ཕུད་བཏང་བའི་རྗེས་སུ་དུས་ཡུན་མང་ཆེ་བ་རི་ཁྲོད་འགྲིམས་ནས་བཞུགས་པའམ། སྐབས་འགར་ལྷ་སར་ཕེབས་ཀྱང་བརྟག་ཏུ་རྒྱ་གཞུང་གི་ལྟ་རྟོག་འོག་ཏུ་གནས་དགོས་ཀྱི་ཡོད་པ་དང་། ཁོང་ལྷ་སར་ཡོད་པའི་སྐབས་ཤིག་ལ་འཛིན་བཟུང་བྱས་འདུག ཆབ་སྲིད་བཙོན་ཟུར་གྲྭ་ཤེས་རབ་འདས་གྲོངས་སུ་གྱུར་པའི་སྐབས་དེར་ལོ་ན་༥༠་ཐམ་པ་ཏག་ཏག་ཟིན་ཞིང་། ཁོང་གི་སྐྱེས་ཡུལ་ནི་སོག་རྫོང་རོང་པོ་ཤང་། བར་སྐེད་གྲོང་ཚོ་ཡིན་པ་དང་ཕ་མིང་ལ་རྒྱལ་འཇུག་ཟེར་གྱི་ཡོད་འདུག
འབྲེལ་ཡོད།
བོད་ཀྱི་གཞིས་རྩེ་གྲོང་ཁྱེར་སོགས་ལ་ལས་ཀ་མི་རག་པའི་དཀའ་ངལ།
XS
SM
MD
LG