ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཁྲིམས་ཞིབ་པ་ཚོ་འཕོ་འགྱུར་བཏང་བ་བསྐྱར་བསྐོ་དགོས་པའི་འབོད་སྐུལ།


༄༅།། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་གྲྭ་ཕྱི་ཕུན་རབ་བློ་བཟང་དར་རྒྱས་གཙོས་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་ཕྱག་སྦྲེལ་ཁྲིམས་ཞིབ་པ་ཟུར་པ་བཅས་མི་བཅུ་གཅིག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འཕྲིན་ཡིག་ཅིག་བཏང་གནང་ཡོད་ཅིང་། འཕྲིན་ཡིག་དེར་ཉེ་ཆར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་ཁྲིམས་ཞིབ་པ་གསུམ་སྡེབ་ཏུ་འཕོ་འགྱུར་བཏང་བའི་གྲོས་ཆོད་དེ་ཕྱིར་འཐེན་དགོས་པའི་སྐུལ་ལྕག་བཏང་ཡོད་པའི་སྐོར། པདྨ་བདེ་ཆེན་ལགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བཀའ་བརྒྱུད་དོན་གྲུབ་ལགས་སུ་བཅར་འདྲི་ཞུས་ཏེ་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG