ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཉི་ཧོང་གི་གཞུང་འབྲེལ་མི་སྣ་པེ་ཅིང་གི་རྩེད་འགྲན་ལ་མི་ཞུགས་རྒྱུའི་ནན་སྐུལ།


༄༅།། ཉི་ཧོང་དུ་བཅའ་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་ཟུར་པ་རྒྱ་རི་པདྨ་རྒྱལ་པོས་པེ་ཅིང་ལ་འཚོགས་ཀྱི་ཡོད་པའི་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོ་སོགས་ཉི་ཧོང་གི་གཞུང་འབྲེལ་སྐུ་ཚབ་རྣམས་མཉམ་ཞུགས་མི་བྱེད་པའི་རེ་བ་ཡོད་ཅེས་ནན་སྐུལ་ཞུས་ཡོད་ཅིང་། ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་རྒྱ་ནག་གིས་ཧོང་ཀོང་དང་བོད། ཞིན་ཅང་བཅས་ལ་དྲག་གནོན་བྱས་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་གཏོང་གི་ཡོད་པའི་སྟབས་ཀྱིས་པེ་ཅིང་གི་རྩེད་འགྲན་མཛད་སྒོ་སོགས་ལ་ཨ་མི་རི་ཀའི་གཞུང་འབྲེལ་སྐུ་ཚབ་མ་བཏང་བར་རྒྱ་ནག་ལ་ངོ་རྒོལ་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པ་སོགས་ཀྱི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་ནམ་མཁའ་བསྟན་འཛིན་གྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།


XS
SM
MD
LG