ངོ་འཕྲད་བདེ་བའི་དྲ་འབྲེལ།

མཱི་ཆི་གྷན་གྱི་སྤྱི་ཁྱབ་བཙན་ཁྲིད་བྱ་རྒྱུའི་ཇུས་གཤོམ་པ་འཛིན་བཟུང་།


༄༅།། ཨ་མི་རི་ཀའི་མངའ་སྡེ་མཱི་ཆི་གྷན་གྱི་སྤྱི་ཁྱབ་བཙན་ཁྲིད་བྱ་རྒྱུའི་ལྐོག་གཡོ་ཇུས་གཤོམ་པ་རྣམས་རེས་གཟའ་ཕུར་བུའི་ཉིན་འཛིན་བཟུང་བྱས་ཡོད་ཅིང་། མངའ་སྡེ་སྤྱི་ཁྱབ་བཙན་ཁྲིད་ཀྱི་ལྐོག་ཇུས་གཤོམ་མཁན་རྣམས་ནི་ལོ་འདིར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་དུས་སུ་དམངས་གཙོ་ཚོགས་པའི་ཁོངས་ནས་འདེམས་ཐོན་བྱུང་བའི་མངའ་སྡེའི་སྤྱི་ཁྱབ་ཀྱིས་འགྲོ་འོང་བཀག་སྡོམ་བྱས་པར་ངོ་རྒོལ་བྱེད་མཁན་དང་མངའ་སྡེ་གཞུང་ལ་ཁ་གཏད་གཅོག་མཁན་གྱི་མཐའ་ལྷུང་རིང་ལུགས་པ་ཁག་ཅིག་རེད་ཅེས་མི་༦་འཛིན་བཟུང་བྱས་ནས་འཇིགས་སྐུལ་རིང་ལུགས་པའི་ནག་ཉེས་བཙུགས་ཡོད་པའི་སྐོར། འདི་ག་ཝྭི་ཨོ་ཨེ་ཨ་རིའི་རྒྱང་སྲིང་རླུང་འཕྲིན་ཁང་གིས་སྤེལ་བའི་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་ དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG