ངོ་འཕྲད་བདེ་བའི་དྲ་འབྲེལ།

ར་ཤི་ཡས་དངུལ་སྒོར་སྤྲད་ནས་ཨ་རིའི་དམག་མི་གསོད་དུ་བཅུག་སྐད།


༄༅།། ར་ཤི་ཡའི་གསང་བའི་ལས་ཁང་ཞིག་གིས་ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བྷན་དྲག་སྤྲོད་པ་ཚོར་ལྐོག་ཏུ་དངུལ་སྒོར་སྤྲད་དེ། ཁོ་ཚོར་རྒྱལ་ཁབ་དེའི་ས་ཐོག་ཏུ་ཡོད་པའི་ཨ་མི་རི་ཀ་དང་ཨ་རིའི་མཐུན་ཕྱོགས་ཡུལ་ཁག་གི་དམག་མི་རྣམས་གསོད་དུ་འཇུག་གི་ཡོད་པའི་གནས་ཚུལ་ཐོན་པ་སྲིད་འཛིན་ཌོ་ནལ་ཊམ་ལ་སྙན་སེང་ཞུས་ཡོད་མེད་དེར་རྩོད་གླེང་ཆེན་པོ་འབྱུང་གི་ཡོད་ཅིང་། ཁ་སང་གཟའ་ཟླ་བའི་ཉིན་ཕོ་བྲང་དཀར་པོའི་དཔོན་རིགས་ཚོས་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་སྤྱི་མཐུན་ཚོགས་པའི་འཐུས་མི་བརྒྱད་ལ་གནད་དོན་དེའི་སྐོར་གསལ་བཀྲོལ་ཞུས་པ་ལྟར་དེ་རིང་གཟའ་མིག་དམར་ཉིན་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་འཐུས་མི་བརྒྱད་ལ་གནད་དོན་དེའི་སྐོར་གསལ་བཀྲོལ་ཞུས་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG