ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༠༥

གཟའ་མིག་དམར་ཆེན་མོ་ཞེས་པ་ཅི།


གཟའ་མིག་དམར་ཆེན་མོ་ཞེས་པ་ཅི།
གཟའ་མིག་དམར་ཆེན་མོ་ཞེས་པ་ཅི།

གཟའ་མིག་དམར་ཉིན་ཏེ་གསུམ་པའི་ཚེས་ལྔ་ཉིན་སྲིད་འཛིན་འོས་མིའི་སྔོན་འགྲོའི་འོས་བསྡུ་བྱེད་མཁན་གྱི་མངའ་སྡེའི་གྲངས་ཀ་དེ་ཉིན་གཞན་པ་གང་ལས་ཀྱང་མང་། དེར་བརྟེན་ཉིན་འདི་ལ་གཟའ་མིག་དམར་ཆེན་མོ་ཞེས་འབོད།

ད་ལོར་མངའ་སྡེ་བཅོ་ལྔ་དང་མངའ་ཁོངས་གཅིག་ཏུ་གཟའ་མིག་དམར་ཉིན་ཆེན་མོའི་ཉིན་སྔོན་འགྲོའི་འོས་བསྡུ་བྱེད། དམངས་གཙོ་ཚོགས་པས་ཨེ་ཡོ་ཝ་མངའ་སྡེ་རུ་འོས་བསྡུའི་མཇུག་འབྲས་བསྒྲགས་རྒྱུ་རེད།

རྒྱབ་སྐྱོར་ཁས་ལེན་བྱས་པའི་འོས་འདེམས་སྐུ་ཚབ་༡༤༢༠ སྟེ། སྐུ་ཚབ་ཡོངས་ཀྱི་བརྒྱ་ཆའི་སོ་དྲུག་ཐོབ་ཚེ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཆགས་ཐུབ་ཅིང་། ཡང་འོས་འདེམས་སྐུ་ཚབ་༡༢༡༥་སྟེ། སྐུ་ཚི་ཡོངས་ཀྱི་བརྒྱ་ཆའི་ལྔ་བཅུ་ཐོབ་ཚེ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཆགས་ཐུབ་པ་རེད།

གཟའ་མིག་དམར་ཆེན་མོ་ཞེས་པའི་བརྗོད་སྟངས་འདི་ནི་༡༩༧༦ ལོར་གཞི་ནས་བྱུང་བ་ཞིག་རེད།

༡༩༩༢ ལོར་བྷིལ ཁི་ལིན་ཊོན་ལ་གཟའ་མིག་དམར་ཆེན་མོའི་ཉིན་རྒྱལ་ཁ་ཆེན་པོ་ཐོབ་ནས་སྲིད་འཛིན་ཆགས་རྒྱུའི་ལམ་ཁ་བཏིང་བ་རེད།

༢༠༠༠ ལོར། དམངས་གཙོ་ཚོགས་པའི་ཨེལ གྷོ་ཨར་དང་། སྤྱི་མཐུན་ཚོགས་པའི་ཇོར་ཇཱི བྷུ་ཤི་གཉིས་ཀྱང་གཟའ་མིག་དམར་ཆེན་མོའི་ཉིན་རྣམ་པར་རྒྱལ་ཏེ་སོ་སོའི་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མིར་བདམས།

༢༠༡༦ ལོར། སྤྱི་མཐུན་ཚོགས་པའི་ཌོ་ནལ ཊམ་ལ་གཟའ་མིག་དམར་ཆེན་མོའི་ཉིན་གྱི་འོས་བསྡུ་བྱེད་ས་བཅུ་ཡི་ནང་ནས་བདུན་དུ་རྒྱལ་ཁ་ཐོབ་སྟེ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཆགས།

གཟའ་མིག་དམར་ཆེན་མོའི་ཉིན་རྒྱལ་ཁ་ཐོབ་ཅིང་སོ་སོའི་སྲིད་དོན་ཚོགས་པའི་སྲིད་འཛིན་གྱི་འོས་མི་ཆགས་པ་དག་ནི། རཱོ་ནལ་ཌི རའེ་གྷན་དང་། ཇོར་ཇཱི བྷུ་ཤི་རྒན་པ། བྷིལ ཁི་ལིན་ཊོན། ཨལ གྷོ་ཨོར། ཇོར་ཇཱི བྷུ་ཤི་གཞོན་པ། ཧེ་ལི་རོས ཁི་ལིན་ཊོན། བྷི་ར་ཁི ཨོ་བྷ་མཱ། ཌོ་ནལ ཊམ་བཅས་ཡིན།།

ཁྱད་པར་ཅན་གྱི་གཟའ་མིག་དམར་ཞེས་པ་ཅི།
please wait

No media source currently available

0:00 0:01:30 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གླེང་སྟེགས།

XS
SM
MD
LG