ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཕུ་ཊིན་དམག་འཁྲུག་གི་ནག་ཉེས་ཐོག་ཏུ་ཁྲིམས་ལ་ཇི་ལྟར་སྦྱོར།


༄༅།། ཨ་མི་རི་ཀའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཨུ་རུ་སུའི་དམག་གིས་ཡུག་རེན་གྱི་བྷུ་ཆ་གྲོང་ཁྱེར་དུ་ཞི་བའི་མི་མང་ཚོའི་མགོ་དང་ལྟག་ཁུང་སོགས་ལ་མེ་མདའ་བརྒྱབ་ནས་དམར་གསོད་བྱས་ཡོད་པ་དེ་དག་གི་ཕུང་པོའི་བརྙན་པར་མཐོང་བ་དང་ཕུང་པོ་མང་པོ་སྦས་འཇོག་བྱས་ཡོད་པ་རྙེད་སོན་བྱུང་བའི་གནས་ཚུལ་རྣམས་མཐོང་ཐོས་བྱུང་སྟེ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་དམག་འཁྲུག་གི་ནག་ཉེས་བཙུགས་ནས་རྒྱལ་སྤྱིའི་ཁྲིམས་ཁང་ལ་གཏུག་དགོས་ཞེས་ནན་སྐུལ་བྱས་མོད། འོན་ཀྱང་ཕུ་ཊིན་ཁྲིམས་ལ་ཇི་ལྟར་སྦྱོར་དགོས་མིན་ཐད་གདོང་ལེན་སྣ་ཚོགས་བྱེད་དགོས་པ་སོགས་ཀྱི་སྐོར། གསར་ཤོག་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG