ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད།


དེ་སྔ་རྒྱ་ནག་གི་གཞུང་ནང་མཐོ་རིམ་གྱི་འགོ་ཁྲིད་ལས་བྱེད་པ་གནང་མྱོང་ཡོད་པ་སྐུ་ཞབས་དར་རྒྱས་ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཏ་ལའི་བླ་མ་མཆོག་བོད་ཁ་བ་ཅན་ཡུལ་དུ་བསྐྱར་དུ་ཞབས་སོར་འཁོད་རྒྱུ་འདི་ནི་ དེང་སྐབས་བོད་ནང་གི་བོད་མི་མང་ཆེ་བའི་བློ་འདོད་ཆགས་ཡོག་རེད་ཅེས་འཁོད་པའི་རྩོམ་ཞིག་ཨ་རིའི་ནང་ཡོད་པའི་རྒྱ་རིགས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་ལི་ཅང་ལིན་ལ་ཁོང་གིས་བརྩོམས་པའི་གནང་བའི་རྩོམ་ཡིག་ཁག་ཅིག་སྤྲད་ཡོད་པ་རྣམས་ ལི་ཅང་ལིང་གི་རིམ་བཞིན་དྲ་ལམ་ཐོག་སྤེལ་འགོ་ཚུགས་ཡོད་འདུག
སྐུ་ཞབས་དར་རྒྱས་ལགས་རྒན་གཡོལ་མ་གནང་གོང་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོངས་ཁུལ་གྱི་སྤྱི་ཁྱབ་ཀྱི་གོ་གནས་འཛིན་མྱོང་ཡོད་པ་དང་ ད་ལོ་སྤྱི་ཟླ་གསུམ་པའི་ནང་སི་ལིང་ལ་སྐུ་བཤེགས་ཡོད་འདུག
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG