ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་གི་སྨན་ཁབ་ལ་བསྐྱར་ཞིབ།


༄༅།། རྒྱ་ནག་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་སེ་ནོ་ཝྭེཀ་ཞེས་པ་དེ་འཛམ་གླིང་འཕྲོད་བསྟེན་འཛུགས་ཀྱིས་རྒྱལ་ཁབ་ཁག་གིས་རྒྱག་ཆོག་པའི་ཆོག་མཆན་བཀོད་མེད་ཀྱང་ཡུ་རོབ་མཉམ་འབྲེལ་གྱིས་རང་གི་ཚོགས་འཐུས་རྒྱལ་ཁབ་ཁག་ལ་རྒྱ་ནག་གི་སྨན་ཁབ་དེ་བཀོལ་སྤྱོད་བྱེད་དུ་འཇུག་དགོས་མིན་བསྐྱར་ཞིབ་བྱེད་ཀྱི་ཡོད་ཅིང་། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཆི་ལེའི་ནད་པ་ཚོར་རྒྱ་ནག་གི་སྨན་ཁབ་བརྒྱབ་ནས་ཕན་ཐོགས་ཆེན་པོ་བྱུང་བའི་གནས་ཚུལ་ཐོན། འོན་ཀྱང་བྷར་ཛིལ་དང་ཕུ་རུ་སོགས་རྒྱལ་ཁབ་འགའ་ཞིག་གི་ནད་པ་ཚོར་རྒྱ་ནག་གིས་བཟོས་པའི་ཏོག་དབྱིབ་ནས་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ནས་ཕན་ཐོགས་མ་བྱུང་བར་མ་ཟད། ཐ་ན་མི་ལ་འཆི་སྐྱོན་བྱུང་བའི་གནས་ཚུལ་ཡང་ཐོན་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་བསྟན་འཛིན་ལྷུན་གྲུབ་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG