ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༤/༢༩

ཡུ་རོབ་ཀྱི་ཕྱི་སྲིད་བློན་ཆེན་ཚོས་ཡུཀ་རེན་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན། 


༄༅།། ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་རྣམས་ཡུཀ་རེན་ལ་ཕེབས་ནས་རྒྱལ་ཁབ་དེར་རྒྱབ་སྐྱོར་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་རྣམ་འགྱུར་བསྟན། ཕྱི་ཟླ་༡༠་པའི་ཚེས་༢་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གྲོས་ཚོགས་ནས་གནས་སྐབས་ཀྱི་གཞུང་གྲོན་ཆོག་མཆན་བཀོད་པ་དེའི་ཁོངས་སུ་ཡུཀ་རེན་ལ་དམག་དོན་རོགས་དངུལ་གསར་པ་སྤྲོད་རྒྱུ་ཚུད་མེད་ཅིང་། དེ་བཞིན་ཡུ་རོབ་རྒྱལ་ཁབ་སི་ལོ་ཝ་ཀི་ཡར་འོས་བསྡུ་བྱས་ནས་ཨུ་རུ་སུའི་ཕྱོགས་གཏོགས་སྲིད་དོན་ཚོགས་པ་ཞིག་ལ་འོས་ཤོག་བརྒྱ་ཆ་༢༣་ཐོབ་ནས་འགྱུར་ལྡོག་ཆེན་པོ་ཞིག་བྱུང་། ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་འགན་འཛིན་ཇཱོ་སེབ་བྷོ་རེལ་གྱིས་ཡུཀ་རེན་ནི་མ་འོངས་པར་ཡུ་རོབ་མཉམ་འབྲེལ་གྱི་ཚོགས་འཐུས་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུ་རེད། ང་ཚོ་རྒྱལ་ས་ཀིབ་ལ་འདུས་པ་ནི་ཡུ་རོབ་མཉམ་འབྲེལ་གྱིས་ཡུཀ་རེན་ལ་གདུང་སེམས་མཉམ་སྐྱེད་དང་ཡུཀ་རེན་མི་དམངས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མཚོན་ཡོད་ཅེས་ཨེག་སི་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ།།

ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་འགན་འཛིན་ཇཱོ་སེབ་བྷོ་རེལ་
ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་འགན་འཛིན་ཇཱོ་སེབ་བྷོ་རེལ་

ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་ཀུ་ལ་བྷས་ང་ཚོར་ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་བློན་ཆེན་རྣམས་ཀྱི་ཚོགས་འདུར་མགྲོན་བདག་བྱ་རྒྱུའི་གོ་སྐབས་ཐོབ་པར་དགའ་སྤོབས་ཡོད། འདི་ནི་ཡུ་རོབ་མཉམ་འབྲེལ་གྱི་ཚོགས་འཐུས་མ་ཡིན་པའི་རྒྱལ་ཁབ་ཅིག་གི་ས་ཐོག་ཏུ་ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་བློན་ཆེན་ཚོའི་ཚོགས་འདུ་ཚོགས་པ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་རེད་ཅེས་བསྔགས་བརྗོད་ཞུས། ཁོང་གིས་ཡུཀ་རེན་ལ་ཨ་མི་རི་ཀའི་རོགས་སྐྱོར་མཚམས་ཆད་རྒྱུའི་ཉེན་ཁ་མེད། ཨ་མི་རི་ཀས་ཡུཀ་རེན་གནད་འགག་ཆེན་པོ་ཡིན་ངོས་ཟིན་ཡོད་པ་རེད་ཅེས་བཀྲལ། གཟའ་མཇུག་དེར་ཨ་རིའི་སྲིད་གཞུང་སྒོ་རྒྱག་མི་དགོས་པའི་ཆེད་དུ་གནས་སྐབས་ཀྱི་གཞུང་གྲོན་ཞིག་ཆོག་མཆན་བཀོད་ཀྱང་ཡུཀ་རེན་ལ་དམག་དོན་རོགས་དངུལ་གསར་པ་སྤྲོད་རྒྱུར་བཀའ་འཁྲོལ་མ་ཐོབ། ཁ་སང་གཟའ་ཉི་མའི་ཉིན་སྲིད་འཛིན་བྷ་ཌན་གྱིས་སྤྱི་མཐུན་ཚོགས་པའི་འཐུས་མི་གྲངས་མང་ཡོད་པའི་གྲོས་ཚོགས་འོག་མར་ཡུཀ་རེན་ལ་རོགས་རམ་སྤྲོད་རྒྱུ་མཚམས་ཆད་མི་ཉན་ཞེས་ནན་གྱིས་བསྐུལ།།

ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་རྗེས་འཇུག་པ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཡུཀ་རེན་ལ་དམག་དོན་རོགས་དངུལ་སྤྲོད་རྒྱུ་མིན་ཞེས་བཀག ཕྱི་ཟླ་༡༠་པའི་ཚེས་༡་ཉིན་ཡུ་རོབ་རྒྱལ་ཁབ་སི་ལོ་ཝ་ཀི་ཡར་འོས་བསྡུ་བྱས་ནས་ཨུ་རུ་སུའི་ཕྱོགས་གཏོགས་སྲིད་བློན་ཟུར་པ་རོ་བྷར་ཊ་ཧྥི་ཀོ་ལ་འོས་ཤོག་མང་བ་ཐོབ་ཡོད་པས་མཉམ་སྐྱོང་སྲིད་གཞུང་འཛུགས་རྒྱུའི་གོ་སྐབས་སྔོན་ལ་འཐོབ་རྒྱུ་ཡིན་ཞིང་། རོ་བྷར་ཊ་ཧྥི་ཀོས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་སུ་ཡུཀ་རེན་ལ་མདེའུ་གཅིག་ཀྱང་སྤྲོད་རྒྱུ་མིན། ཡུཀ་རེན་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་འགོག་འཆར་ཡོད། ཡུཀ་རེན་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་ཀྱི་ཡོད་པར་འགྱུར་བ་མེད་ཅེས་བསྒྲགས། འོས་བསྡུའི་རྒྱལ་ཁ་ཐོབ་པའི་རྗེས་སུ་ཡུཀ་རེན་བསྐྱར་དུ་འཛུགས་སྐྲུན་བྱ་རྒྱུ་དེར་ང་ཚོས་རོགས་སྐྱོར་བྱ་རྒྱུ་ཡིན། ཡུཀ་རེན་ལ་དམག་དོན་ཐོག་ཏུ་རྒྱབ་སྐྱོར་བྱ་དགོས་མིན་ཐད་བསམ་ཞིབ་བྱ་རྒྱུ་ཡིན་ཟེར། སི་ལ་ཝ་ཀི་ཡ་ནི་ནུབ་ཆིངས་ཀྱི་ཚོགས་འཐུས་ཡིན་པ་དང་ཡུཀ་རེན་གྱི་བཙན་བྱོལ་བ་བླངས། ད་ལྟའི་སྲིད་གཞུང་གིས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཡུ་རོབ་རྒྱལ་ཁབ་སི་ལོ་ཝ་ཀི་ཡར་འོས་བསྡུ་བྱས་ནས་ཨུ་རུ་སུའི་ཕྱོགས་གཏོགས་སྲིད་བློན་ཟུར་པ་རོ་བྷར་ཊ་ཧྥི་ཀོ་
ཡུ་རོབ་རྒྱལ་ཁབ་སི་ལོ་ཝ་ཀི་ཡར་འོས་བསྡུ་བྱས་ནས་ཨུ་རུ་སུའི་ཕྱོགས་གཏོགས་སྲིད་བློན་ཟུར་པ་རོ་བྷར་ཊ་ཧྥི་ཀོ་


ཕྱི་ཟླ་༡༠་པའི་ཚེས་༢་ཉིན་དེ་རིང་གི་ཨ་རི་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མེཀ་ཁར་ཐིས་ཡུཀ་རེན་ལ་རྒྱབ་སྐྱོར་བྱེད་འདོད་ཡོད། ཕོ་བྲང་དཀར་པོས་ངེས་པར་དུ་ཡུཀ་རེན་ལ་རོགས་དངུལ་སྤྲོད་རྒྱུ་དེ་གྲོས་ཚོགས་འོག་མའི་འགོ་ཁྲིད་ཚོར་གྲོས་སྡུར་བྱ་དགོས། ང་ཚོ་ཚང་མས་གྲོས་སྡུར་བྱས་ནས་ཐག་གཅོད་བྱ་དགོས་པ་དང་ཨུ་རུ་སུས་བཙན་འཛུལ་དམག་འཁྲུག་བསླངས་པ་ནི་མ་འོས་པ་ཞིག་རེད། ང་ཚོས་རོགས་སྐྱོར་ཅི་ཞིག་བྱས་ཀྱང་རྒྱལ་ཁ་ཟེར་བ་དེ་ཅི་ཞིག་ལ་གོ་དགོས་མིན་དང་འཆར་གཞི་དེ་ཅི་ཞིག་ཡིན་པ་གསལ་པོ་བྱ་དགོས་ཀྱི་འདུག་ཅེས་དགོས་འདུན་བཏོན། གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་གཉིས་ཀས་ཨུ་རུ་སུར་འཐབ་རྒོལ་བྱེད་པར་ཡུཀ་རེན་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ཁས་བླངས་མོད། འོན་ཀྱང་གྲོས་ཚོགས་འོག་མའི་ནང་དུ་ཚོགས་གཙོ་མེཀ་ཁར་ཐི་གནས་དབྱུང་གཏོང་གྲབས་བྱེད་ཀྱི་ཡོད་པས་སྤྱི་མཐུན་ཚོགས་པའི་ནུས་པ་མཉམ་སྤུང་བྱེད་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མེཀ་ཁར་ཐིས
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མེཀ་ཁར་ཐིས

ཨ་རིའི་ཉིན་༤༥་ཡི་གཞུང་གྲོན་ནང་དུ་ཡུཀ་རེན་གྱི་དམག་དོན་རོགས་དངུལ་ཚུད་མེད་པར་ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་ཧང་སང་། ཁོ་ཚོས་ཨ་རིའི་གྲོས་ཚོགས་འཐུས་མི་ཚོར་བསྐྱར་དུ་བསམ་ཞིབ་བྱས་ནས་ཡུཀ་རེན་ལ་དམག་དོན་རོགས་རམ་སྤྲོ་རྒྱུ་རྒྱུན་འཁྱོངས་བྱ་དགོས་པའི་རེ་བ་བཏོན། སྲིད་འཛིན་ཛེ་ལན་སི་ཀིར་ཐུག་འཕྲད་གྲོས་མོལ་བྱས་པའི་རྗེས་སུ་ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་འགན་འཛིན་བྷེ་རོལ་གྱིས་ཨ་རིའི་ཐག་གཅོད་དེ་མཐའ་མའི་ཐག་གཅོད་མིན་པའི་རེ་བ་ཡོད། ང་ཚོར་ཕྱི་ནས་ཉེན་ཁ་འབྱུང་གི་ཡོད་པ་དང་ཡུཀ་རེན་གྱི་དམག་གིས་དཔའ་སྟོབས་ཞུམ་པ་མེད་པར་འཐབ་རྒོལ་བྱེད་ཀྱི་ཡོད་པ་རེད། ཡུཀ་རེན་ལ་རྒྱལ་ཁ་འཐོབ་དགོས་ན་ང་ཚོས་མཚོན་ཆ་ཡག་པོ་གང་མགྱོགས་རོགས་རམ་སྤྲོད་དགོས་ཞེས་གཏམ་བཤད་བྱས་འདུག ཡུཀ་རེན་གྱི་སྲིད་འཛིན་ལས་ཁུངས་ཀྱི་འགན་འཛིན་ནས་ང་ཚོར་རྒྱལ་ཁ་མ་ཐོབ་བར་དུ་ཨ་རི་དང་མཐུན་གྲོགས་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་འཐོབ་རྒྱུའི་གདེང་ཚོད་ཡོད་ཅེས་དར་འཕྲིན་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ།།

དེ་རིང་གི་ཨ་རི་ཞེས་པའི་གསར་ཁང་གིས་སླར་ཡང་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གྲོས་ཚོགས་ཀྱིས་ཆོག་མཆན་བཀོད་པའི་གཞུང་གྲོན་ཁོངས་སུ་ཡུཀ་རེན་ལ་དམག་དོན་རོགས་དངུལ་གསར་པ་སྤྲོད་རྒྱུ་དེ་བཀག་པར་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་དགའ་སྤྲོས་བརྟས། ཕུ་ཊིན་ལ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་སླར་ཡང་ཕོ་བྲང་དཀར་པོར་བསླེབས་པ་ལྟར་གྱི་ཚོར་སྣང་ཞིག་བྱུང་། ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཟུར་པ་མར་ཁེ་ཨེ་སི་པེར་་གྱིས་སི་བྷི་ཨེ་སི་གསར་ཁང་ལ་ཕུ་ཊིན་གྱིས་ལོ་རྗེས་མ་བར་དུ་དམག་འཁྲུག་ཡུན་བསྲིངས། ཌོ་ནལ་ཊམ་བསྐྱར་དུ་འདེམས་ཐོན་འབྱུང་རྒྱུའི་རེ་ལྟོས་འཆང་གི་ཡོད་ཤས་ཆེ། གལ་སྲིད་ཌོ་ནལ་ཊམ་བསྐྱར་དུ་འདེམས་ཐོན་བྱུང་ན་ཡུཀ་རེན་ལ་དམག་དོན་རོགས་རམ་སྤྲོད་རྒྱུ་འཕྲལ་དུ་མཚམས་བཞག་སྟེ་ཨ་མི་རི་ཀས་ནུབ་ཆིངས་ལ་འགྲོ་གྲོན་གཏོང་རྒྱུའང་འགོག་སྲིད། གཅིག་བྱས་ན་ཨ་མི་རི་ཀ་ནུབ་ཆིངས་ཁོངས་ནས་ཕྱིར་འཐེན་བྱ་སྲིད་པའི་ཉེན་ཁ་འདུག དེ་ལྟར་བྱུང་ན་ཨ་རིའི་བདེ་འཇགས་ལ་ཉེན་ཁ་ཧ་ཅང་གི་ཚབས་ཆེན་ཞིག་འབྱུང་གི་རེད་ཅེས་སྨྲས།།

ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཟུར་པ་མར་ཁེ་ཨེ་སི་པེར་
ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཟུར་པ་མར་ཁེ་ཨེ་སི་པེར་

སྲིད་འཛིན་བྷ་ཌན་གྱི་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྣེ་ཁྲིད་བྱས་ནས་ཨུ་རུ་སུའི་བཙན་འཛུལ་དམག་འཁྲུག་ལ་ཁ་གཏད་བཅག ཨ་མི་རི་ཀས་ཨ་སྒོར་ཐེར་འབུམ་༡༠༠་ལྷག་འགྲོ་གྲོན་བཏང་བར་སྲིད་འཛིན་ཟུར་པ་ཌོན་ནལ་ཊམ་གྱིས་སྐྱོན་བརྗོད་བྱས་ཤིང་། ཕྱི་ཟླ་༩་པའི་ཚེས་༡༧་ཉིན་ཨེན་བྷི་སི་གསར་ཁང་གིས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་བཅར་འདྲི་ཞུས། གསར་འགོད་པས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཌོ་ནལ་ཊམ་ནས་ཡུཀ་རེན་གྱི་གནད་དོན་ཚུད་པའི་འགལ་ཟླ་ཐམས་ཅད་ཉིན་ཤས་ནང་དུ་སེལ་ཐུབ་ཅེས་ཟེར་རྒྱུ་ཡིན་པ་ང་ཚོས་གོ་ཐོས་འབྱུང་གི་རེད། ང་ཚོས་དེ་ལ་དགའ་བ་སྒོམ་རྒྱུ་མ་གཏོགས་ཅི་ཡང་བཤད་རྒྱུ་མེད་ཅེས་བཤད་འདུག ཁྱེད་ནས་ཕུ་ཊིན་གྱི་རྒྱབ་སྐྱོར་ལ་དགའ་བསུ་ཞུ་ཡི་ཡོད་དམ་ཞེས་དྲིས། ཌོ་ནལ་ཊམ་ནས་ཕུ་ཊིན་གྱི་སྐད་ཆ་དེར་ང་དགའ་མོས་ཡོད། ཅི་ཡིན་ཞེ་ན་ངས་ཅི་ཞིག་བསྒྲུབས་པ་དེ་འགྲིག་ཡོད་པའི་རྟགས་མཚན་རེད་ཅེས་ལན་བཏབ། ཌོ་ནལ་ཊམ་ནས་ཡུཀ་རེན་གྱི་དམག་འཁྲུག་དེ་ཉི་མ་གཅིག་ལ་ཐག་གཅོད་བྱེད་ཐུབ་ཅེས་བསྒྲགས་པར་ཡུཀ་རེན་གྱི་འགོ་ཁྲིད་ཚོར་བློ་འཚབ་བྱུང་བའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༩་པའི་ཚེས་༢༨་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་རྗེས་མར་ཨུ་རུ་སུའི་རྒྱལ་སྲུང་འགྲོ་གྲོན་བརྒྱ་ཆ་༧༠་སྤར་རྒྱུ་དང་རྒྱལ་ཁབ་ཀྱི་འགྲོ་གྲོན་བརྒྱ་ཆ་༣༠་ཐམ་པ་དམག་དོན་འབའ་ཞིག་ལ་གཏོང་རྒྱུ། ༢༠༢༤་ལོ་ཧྲིལ་པོར་དམག་འཁྲུག་ཡུན་བསྲིང་དགོས་པའི་འཆར་གཞི་བཀོད་ཡོད་པའི་གནས་ཚུལ་ཐོན་འདུག ཉེ་ཆར་ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་དང་དབྱིན་ཇི། ཧྥ་རན་སིའི་རྒྱལ་སྲུང་བློན་ཆེན་རྣམས་ཡུཀ་རེན་ལ་ཕེབས་པའི་སྐབས་དེར་སྲིད་འཛིན་ཛེ་ལན་སི་ཀིས་ད་ལོའི་དགུན་ཁར་ང་ཚོའི་གློག་ཁང་ཁག་དང་སོལ་རླངས་འདྲེན་གཏོང་། མི་དམངས་བཅས་ལ་གཏོར་རྒོལ་འཕོག་རྒྱུ་ཡིན་པས་དེ་དག་ལ་སྲུང་སྐྱོབ་བྱ་དགོས། ན་ནིང་ཨུ་རུ་སུས་གཏོར་རྒོལ་བྱས་ནས་ཡུཀ་རེན་ལ་གློག་མེད་པར་མི་གྲངས་ས་ཡ་མང་པོ་འཁྱག་སྒོང་བྱས་ནས་བསྡད་པ་རེད་ཅེས་བཤད། ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་གསར་པ་ཨུ་མེ་རོབ་ཀྱིས་དབྱིན་ཇིའི་རྒྱལ་སྲུང་དྲུང་ཆེར་ཐུག་འཕྲད་བྱས་པའི་རྗེས་སུ་དགུན་ཁ་སླེབས་ཀྱི་ཡོད་ཀྱང་ང་ཚོར་གྲ་སྒྲིག་ཡོད་ཅེས་གཏམ་བཤད་བྱས་འདུག

XS
SM
MD
LG