ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༢/༠༥/༡༩

ཡུ་རོབ་མཉམ་འབྲེལ་གྱིས་ལི་ཐུ་ཝེ་ཎི་ཡར་རྒྱབ་སྐྱོར།


༄༅།། རྒྱ་ནག་གིས་ལི་ཐུ་ཝེ་ཎི་ཡར་ཚོང་འབྲེལ་བཀག་ནས་ཉེས་ཆད་གཅོད་ཀྱི་ཡོད་པར་ཡུ་རོབ་མཉམ་འབྲེལ་གྱིས་རེས་གཟའ་ཕུར་བུའི་ཉིན་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ལ་ཁྲིམས་གཏུགས་བྱས་ནས་རྒྱ་ནག་གི་ལི་ཐུ་ཝེ་ཎི་ཡར་ཐུབ་ཚོད་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས། པེ་ཅིང་གི་དབང་འཛིན་པ་ཚོས་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་གཞན་ཁག་ལའང་སྲིད་ཇུས་གཅིག་མཚུངས་ཤིག་ལག་ལེན་བསྟར་སྲིད་ཅེས་གསལ་སྟོན་བྱས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་་ཐོན་པའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG