བྱང་ཨ་རིའི་བོད་ཕྲུག་ན་གཞོན་ཚོར་རྩོམ་ཡིག་འགྲན་བསྡུར་གྱི་གོ་སྐབས།
ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་གསར་དུས་སྤོས་པའི་ཨ་མི་རི་ཀ་ལྷོ་བྱང་དབུས་གསུམ་གྱི་སྐུ་ཚབ་དོན་གཅོད་ཁང་གིས་བྱང་ཨ་རིའི་ས་གནས་ཁག་ལ་འཚོ་གནས་བྱེད་བཞིན་པའི་བོད་པ་རང་ལོ་༡༨་ནས་༣༥་བར་གྱི་ན་གཞོན་ཚོར་རྩོམ་ཡིག་འགྲན་བསྡུར་གྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་ཅིང་། རྩོམ་ཡིག་དེའི་བརྗོད་བྱ་ནི་རང་ངོས་ནས་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་མཆོག་གལ་འགངས་ཆེན་པོ་གང་འདྲ་ཞིག་ཆགས་ཡོད་དམ་ཞེས་པ་དེ་ཡིན་པ་དང་། ད་ལྟ་གོང་དུ་ཞུས་པའི་གནད་དོན་དང་གཞན་ཡང་སྐུ་ཚབ་དོན་གཅོད་ཁང་གིས་བོད་པ་གཞོན་སྐྱེས་ཚོར་འབྲེལ་བ་ཡོད་པའི་ལས་གཞི་ཁག་ཅིག་ལ་གཅོད་ཁང་གི་ལས་བྱེད་པ་ཟུང་དྲུང་ཆེ་ངག་དབང་ཡོན་ཏན་ལགས་སུ་ང་ཚོའི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ལ་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།།
ལེ་ཚན།
-
སྤྱི་ཟླ་བཞི་པ། ༢༥།༢༠༢༤
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་རྒྱ་ནག་ལ་ཕེབས་འབྱོར་གནང་ཡོད་པ།
-
སྤྱི་ཟླ་བཞི་པ། ༢༥།༢༠༢༤
འཇར་མི་ནི་ཡིས་རྒྱལ་ཚོགས་ཀྱི་ཉེན་སྐྱོབ་ལས་ཁུངས་ལ་རོགས་རམ་བསྐྱར་གསོ་བྱ་རྒྱུ།
-
སྤྱི་ཟླ་བཞི་པ། ༢༥།༢༠༢༤
བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བྱུང་བ་ཨི་རིས་ཐེར་འདོན་བྱས་པ།
-
སྤྱི་ཟླ་བཞི་པ། ༢༤།༢༠༢༤
ཨི་སེ་རེལ་དང་ཧཱ་མཱ་སྭེའི་དམག་འཐབ་དེས་ཨ་རིར་སློབ་གྲྭ་སྒོ་རྒྱག་དགོས་བཟོས།
-
སྤྱི་ཟླ་བཞི་པ། ༢༤།༢༠༢༤
རྒྱ་གར་གྱིས་ཕཱེ་ལི་པིང་ལ་མེ་ཤུགས་འཕུར་མདའ་སྐྱེལ་འདྲེན།
-
སྤྱི་ཟླ་བཞི་པ། ༢༤།༢༠༢༤
ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་ཏུ་བོད་དོན་གླེང་སློང་དགོས་པ།