ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨེ་མུ་རི་གཙུག་ལག་སློབ་གྲྭ་ལ་༧གོང་ས་མཆོག་གིས་ཨ་སྒོར་ས་ཡ་གཅིག་གསོལ་བསྩལ་གནང་བ།


ཨ་མི་རི་ཀའི་གྲོང་ཁྱེར་ཨེཊ་ལན་ཊར་ཡོད་པའི་ཨེ་མུ་རི་གཙུག་ལག་སློབ་གཉེར་ཁང་དུ། བོད་པའི་དགོན་སྡེ་ཁག་གི་ནང་སློབ་གཉེར་གནང་མཁན་དགེ་བཙུན་རྣམས་ལ་དེང་དུས་ཀྱི་ཚན་རིག་གི་སློབ་ཚན་སློབ་འཁྲིད་བྱེད་པའི་ལས་གཞི་ཞིག་གཉེར་མུས་ཡིན་པ་དེ་ལ་མཐུན་འགྱུར་རོགས་རམ་གནང་རྒྱུའི་སླད་དུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཞལ་འདེབས་ཨ་སྒོར་ས་ཡ་གཅིག་གསོལ་བསྩལ་གནང་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།
XS
SM
MD
LG