ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཧྥ་རན་སིའི་འོས་བསྡུ་རྗེས་མར་མེཀ་རོན་དང་ལེ་པན་གྱིས་འགྲན་རྩོད་བྱ་རྒྱུ།


༄༅།། གཟའ་ཉི་མའི་ཉིན་ཧྥ་རན་སིར་སྲིད་འཛིན་འོས་བསྡུ་སྐོར་ཐེངས་དང་པོ་བྱས་པ་དེའི་སྐབས་སུ་སྲིད་འཛིན་ལས་ཐོག་མེཀ་རོན་དང་གཡས་ཤོག་ཚོགས་པའི་འགོ་ཁྲིད་ལེ་པན་གཉིས་ལ་འོས་ཤོག་མང་བ་ཐོབ་ཡོད་པས་སྲིད་འཛིན་འོས་འདེམས་སྐོར་ཐེངས་གཉིས་པར་གོང་ཞུས་འོས་མི་གཉིས་འགྲན་རྩོད་ཐུག་རྒྱུ་ཡིན་ཞིང་། ༢༠༡༧་ལོར་ཡང་མེཀ་རོན་དང་ལེ་པན་གཉིས་འགྲན་རྩོད་བྱུང་བ་ལྟར་ཕྱི་ཚེས་༢༤་ཉིན་དོ་བདག་གཉིས་བསྐྱར་དུ་མཐའ་མའི་འགྲན་ཚོད་ཐུག་གི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

XS
SM
MD
LG