ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨི་ཇིབྟྲི་ཀྱི་སྲིད་འཛིན་གསར་པའི་དམ་བཅའ་འབུལ་བཞེས་ཀྱི་མཛད་སྒོའི་ཐད་རྙོག་གླེང་ཡོང་སྲིད་པ།


ཨི་ཇིབྟྲི་ཀྱི་སྲིད་འཛིན་ལ་འདེམས་ཐོན་བྱུང་བ་སྐུ་ཞབས་མྷོ་མད་མོར་སི་ཡིས་དམ་བཅའ་འབུལ་རྒྱུའི་རྟེན་འབྲེལ་མཛད་སྒོ་དངོས་གཞི་ གཟའ་སྤེན་པའི་ཉིན་བྱ་རྒྱུ་ཡིན་ཞིང་ འོན་ཀྱང་ རྟེན་འབྲེལ་གྱི་མཛད་སྒོ་དེ་གང་དུ་བྱེད་དགོས་མིན་གྱི་གནད་དོན་དེ་ནི་ ཁོང་དང་ད་ལྟའི་དྲག་པོའི་གཞུང་འཛིན་འགོ་ཁྲིད་ཚོའི་དབར་ དབང་ཆའི་འཐབ་རྩོད་ཐོག་མར་དེར་འགྱུར་སྲིད་པའི་ཉེན་ཁ་ཡོད་པ་ཞིག་ཀྱང་ཡིན་པའི་སྐོར་ འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཨི་ལི་ཛི་བྷད་ ཨེ་རོཏྲ་ཀྱིས་གནས་ཚུལ་སྤེལ་བ་ཞིག་ དཔལ་མོ་མཁས་གྲུབ་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG