ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༡༠/༡༦

ལོ་ངོ་ ༢༠ རྗེས་ཡི་ཤུའི་བླ་ཆེན་གྱིས་ཤར་ཏི་མོར་ལ་ཕེབས་པ་དེ་ལེགས་སྐྱེས་ལ་ངོས་འཛིན་བྱེད།


ཕྱི་ལོ ༢༠༢༤ ལོའི་ཟླ ༩ ཚེས ༩ ཉིན་ཡེ་ཤུའི་བླ་ཆེན་ཕོབ་ཧྥ་རན་སེ་སི་ཀོ་ཌི་ལིའི་རྒྱལ་ས་ཌི་ལིའི་སྲིད་འཛིན་ནེ་ཁོ་ལུའོ་ལོ་བྷ་ཏོ་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་གནང་རྗེས་དགའ་བསུའི་འཚམས་འདྲི་ཞུས།
ཕྱི་ལོ ༢༠༢༤ ལོའི་ཟླ ༩ ཚེས ༩ ཉིན་ཡེ་ཤུའི་བླ་ཆེན་ཕོབ་ཧྥ་རན་སེ་སི་ཀོ་ཌི་ལིའི་རྒྱལ་ས་ཌི་ལིའི་སྲིད་འཛིན་ནེ་ཁོ་ལུའོ་ལོ་བྷ་ཏོ་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་གནང་རྗེས་དགའ་བསུའི་འཚམས་འདྲི་ཞུས།

ཤར་ཏི་མུར་ལ་ཨིན་ཌོ་ནི་ཤི་ཡ་ནས་རང་བཙན་ཐོབ་ནས་མི་ལོ་༢༢ སོང་བའི་དུས་ཡུན་རིང་རྒྱལ་ནང་དུ་བདེ་འཇག་སྲ་བརྟན་མེད་པའི་དཀའ་ངལ་ཆེན་པོ་བྱུང་བའི་མཐར་ཡི་ཤུའི་བླ་ཆེན་ཁུལ་དེར་ཆོས་འབྲེལ་ལ་ཕེབས་ཀྱི་ཡོད་པ་དང་། དེ་ནི་ཡི་ཤུའི་ཆོས་དད་པ་ཚོར་ལེགས་སྐྱེས་ཤིག་ལ་ངོས་འཛིན་གྱིས་དགའ་སྤྲོའི་ངང་ནས་གྲ་སྒྲིག་ཞུ་གི་ཡོད་པའི་གནས་ཚུལ་ཐོན་འདུག

མི་འབོར་ས་ཡ་ ༡་༣ ཡིན་པ་ཤར་ཏི་མུར་གྱི་ཡུལ་དེ་ནི་འཛམ་གླིང་ནང་ནས་དཔལ་འབྱོར་གནས་སྟངས་སྐྱོ་ཤོས་ཀྱི་གྲས་ཤིག་ཡིན་པར་ལྟོས་མེད་ཀྱིས་རྒྱལ་ས་ཌི་ལིའི་གཞུང་ལམ་གཡས་གཡོན་གང་སར་བླ་ཆེན་སྤོབ་ལ་དགའ་བསུའི་འཕྲེད་དར་དང་ དྲིལ་བསྒྲགས་རྒྱ་ཆེ་བྱེད་བཞིན་པ་དང་ཆབས་ཅིག ས་གནས་མི་མང་ཚོར་དགའ་ཚོར་ཇི་ཡོད་རྣམ་འགྱུར་ནས་མཚོན་ཐུབ་པ་ཞིག་ཏུ་གྱུར་འདུག

ཤར་ཏི་མོར་གྱི་སྲིད་འཛིན་ཧོ་སེ་ ར་མོས་ ཧོར་ཏས་རེས་གཟའ་ལྷག་པའི་ཉིན་མཉམ་འབྲེལ་གསར་ཁག་ལ་བཀའ་མོལ་གནང་བའི་སྐབས་སུ་བླ་ཆེན་སྤོབ་ཀྱི་འཚམས་གཟིགས་འདི་ནི་རྒྱལ་སྤྱིའི་མི་མང་ཚོར་ཤར་ཏི་མོར་གྱི་་རྒྱལ་ཁབ་ཀྱི་གནས་སྟངས་སྐོར་ལ་དྲིལ་བསྒྲགས་བྱེད་རྒྱུ་དང་། ཡུལ་སྐོར་སྤྲོ་འཆམ་པའི་ས་ཁྲའི་སྟེང་དུ་བཀོད་རྒྱུའི་གོ་སྐབས་བཟང་ཤོས་དེར་གྱུར་ཡོད་ཅེས་གསུངས་པ་དང་ཆབས་ཅིག ཤར་ཏི་མོར་གྱི་མི་འབོར་བརྒྱ་ཆ་༩༨ ཙམ་ཞིག་ཡི་ཤུའི་ཆོས་དད་པ་ཡིན་པ་ཚོར་བླ་ཆེན་གྱི་འཚམས་གཟིགས་འདི་ནི་ཞི་བདེ་བརྟན་ལྷིང་ཡོང་བ་བྱ་རྒྱུ་དང་། ཡར་རྒྱ་ཕྱོགས་སུ་མདུན་བསྐྱོད་བྱེད་རྒྱུ་བཅས་ལ་རྒྱལ་ནང་དུ་མི་མང་ཚོས་འབད་རྩོན་བྱས་པ་དེ་དག་ལ་ལེགས་སྐྱེས་ཀྱི་ཚུལ་དུ་བྱུང་བ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་ཅེས་གསུངས་འདུག

འཛམ་གླིང་དངུལ་ཁང་གིས་འདི་ལོ་ཕྱི་ཟླ་༢་པའི་ནང་ལོ་ཕྱེད་ཀྱི་སྙན་ཐོ་འདོན་སྤེལ་བྱས་པའི་ནང་ཤར་ཏི་མོར་ནང་ཆབ་སྲིད་ཚོགས་པ་ཆེ་ཁག་གཉིས་ཀྱི་དབར་འཁོན་འཛིན་ཡོད་པར་ལྟོས་མེད་ཐོག་འདས་པའི་མི་ལོ་༡༠་ཙམ་རིང་ཞི་བདེ་དང་། མང་གཙོའི་ལམ་ལུགས་ཐོག་བསྐྱོད་ཐབས་བྱེད་ཀྱི་ཡོད་པ་དེར་བསྔགས་བརྗོད་བྱས་འདུག

དགུང་གྲངས་༧༤ ཕེབས་པ་ཤར་ཏི་མུར་གྱི་སྲིད་འཛིན་ར་མོས་ཧོར་ཏ་ནི་ཤར་ཏི་མོར་ལ་རང་བཙན་འཐབ་རྩོད་གནང་མཁན་ཞིག་དང་། ནོ་ཝེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་ཡོད་མཁན་གནད་ཡོད་མི་ཞིག་ཡིན་པ་དང་། ཕྱི་ལོ་༢༠༢༢ ལོར་་ཤར་ཏི་མོར་གྱི་ སྲིད་འཛིན་ལ་འོས་འདེམས་བྱུང་འདུག

ཤར་ཏི་མོར་བ་ཚོས་དེ་སྔ་་ཕྱི་ལོ་༡༩༧༥་ལོའི་ཕྱི་ཟླ་་༡༡་པའི་ཚེས་༢༨ ཉིན་པོར་ཏུ་གྷལ་གྱི་མི་སེར་སྤེལ་ཡུལ་འོག་ནས་རང་བཙན་འཐབ་རྩོད་བྱས་ཡོད་ནའང་། རིང་པོར་མ་སོང་བར་ཁྱིམ་ཚེས་ཡུལ་གྲུ་ཨིན་ཌོ་ནི་ཤི་ཡས་ཤར་ཏི་མོར་ལ་བཙན་འཛུལ་བྱས་ཏེ་མི་ལོ་༢༤ཙམ་ཞིག་རིང་ཨིན་ཌོ་ནི་ཤི་ཡའི་མངའ་འོག་གནས་དགོས་བྱུང་ཡོད། མཐར་ལོགས་སུ་རང་བཙན་ཐོབ་རྒྱུར་འཐབ་རྩོད་བྱས་པའི་ནང་ཤར་ཏི་མོལ་གྱི་མི་རིགས་འབུམ་གཉིས་ཙམ་གྱི་ཚེ་སྲོག་ཤོར་འདུག དེ་རྗེས་ཕྱི་ལོ་༡༩༩༩་ལོའི་ཕྱི་ཟླ་ ༨ པའི་ཚེས་ ༣༠ ཉིན་ མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱབ་སྐྱོར་ཐོག་ནས་རྒྱལ་ནང་མི་མང་ཚོའི་བསམ་ཚུལ་བསྡུ་ལེན་བྱས་པའི་ནང་མི་མང་བརྒྱ་ཆ་ ༧༨་ལོགས་སུ་་རང་བཙན་དགོས་པའི་དགོས་མདུན་སྟོན་པའི་གྲུབ་འབྲས་ལ་བརྟེན་ནས་རྒྱལ་སྤྱིའི་གནོན་ཤུགས་འོག་ཤར་ཏི་མོར་ལ་རང་བཙན་སྤྲོད་དགོས་བྱུང་།

དེང་སྐབས་རྒྱལ་ནང་དཔལ་འབྱོར་གནས་སྟངས་དང་ལས་མེད་ཀྱི་དཀའ་ངལ་མང་པོ་ཡོད་མུས་ལ་མ་ལྟོས་པར་རང་བཙན་ལྡན་པའི་རྒྱལ་ཁབ་ཞིག་ཏུ་གྱུར་ནས་འཛམ་གླིང་འབྲེལ་གླིང་ཚོང་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི་༡༦༦་པ་དེར་གྱུར་ཡོད་པ་མ་ཟད་། ཨེ་ཤི་ཡའི་མཐུན་ཚོགས་ཀྱི་ཚོགས་མིའི་གྲས་སུ་འཛུལ་རྒྱུར་འབད་རྩོན་བྱེད་ཀྱི་ཡོད་པ་རེད་།

ཨེ་པི་དང་རུའི་ཌར་གསར་སྤེལ་ཁང་གཉིས་ནས་བཏུས།

གསར་འགོད་པ་ ཚེ་བརྟན་ཆོས་སྒྲོན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲི།

གླེང་སྟེགས།

XS
SM
MD
LG