ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་གར་བྱང་ཕྱོགས་སུ་ས་ཡོམ་བྱུང་སྟེ་་བཞུགས་སྒར་དུ་གཡོ་འགུལ་བྱུང་བ།


རྒྱ་གར་གྱི་ཇ་མུ་ཀ་ཤི་མིར་མངའ་དང་ཧི་མ་ཅཱལ་མངའ་སྡེའི་ས་མཚམས་ས་ཁུལ་དུ་ས་ཡོམ་བྱུང་སྟེ་མི་གཅིག་ཤི་སྐྱོན་བྱུང་བ་དང་མི་༢༧ལྷག་ལ་རྨས་སྐྱོན་བྱུང་ཡོད་པ་མ་ཟད། ཡང་སློབ་གྲྭའི་སློབ་ཁང་ལ་སོགས་པའི་ས་ཁུལ་གྱི་ཁང་པ་ཏོག་རྩེགཅན་མང་པོར་གས་ཁ་ཤོར་ཡོད་འདུག ཐེངས་འདིའི་ས་ཡོམ་གྱིས་བཙན་བྱོལ་བོད་མི་གནས་སྡོད་བྱེད་སའི་བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་ཡང་གཡོ་འགུལ་བྱུང་ཡོད་པ་རེད། བོད་ཀྱི་ས་དཔྱད་རིག་པ་བས་ངོ་སྤྲོད་བྱས་པ་ལྟར་ན་བཞུགས་སྒར་རྡ་རམ་ས་ལ་ནི་ས་བབ་ཀྱི་ཆ་ནས་ས་ཡོམ་གྱི་ཉེན་ཁ་ཆེན་པོ་ཡོད་པའི་ས་ཆ་ཞིག་ཡིན་པ་རེད། འདིའི་ཐད་ཚེ་རིང་སྐྱིད་ཀྱིས་འབྲེལ་ཡོད་མི་སྣར་བཀའ་འདྲི་ཞུས་ཏེ་གནས་ཚུལ་ཕྱོགས་སྒྲིག་བྱས་པ་ཞིག་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG