ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཌོ་ནལ་ཊམ་དང་ཐེ་ཝན་གྱི་རྒྱལ་སྤྱིའི་འབྲེལ་ལམ་ཁྲིམས་གཞི།


༄༅།། ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཐེ་པེ་ཁྲིམས་གཞི་ལ་མཚན་རྟགས་བསྐྱོན་ནས་ཐེ་ཝན་གྱི་རྒྱལ་སྤྱིའི་འབྲེལ་ལམ་ལ་རྒྱབ་སྐྱོར་ཐོབ། ཁྲིམས་གཞི་འདི་ནི་རྒྱ་ནག་གི་གནོན་ཤུགས་ཐེབས་རྒྱུ་ཤུགས་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་འོག་ཏུ་ཐེ་ཝན་གྱིས་འཛམ་གླིང་ཡུལ་གྲུ་གང་སར་མཉམ་འབྲེལ་བྱེད་ཤུགས་ཆེ་རུ་གཏོང་ཐུབ་པའི་ཆེད་ཡིན་པ་རེད། ཁྲིམས་གཞི་འདིའི་མཚན་དངོས་ལ་༢༠༡༩་ལོའི་ཐེ་ཝན་མནའ་མཐུན་རྒྱལ་སྤྱིའི་སྲུང་སྐྱོབ་དང་ནུས་ཤུགས་ཆེ་རུ་གཏོང་ཕྱོགས་ཀྱི་གྲོས་གཞི་ཁྲིམས་ལུགས་ཞེས་བྱ་ཞིང་། འདས་ལོའི་སྤྱི་ཟླ་༣་པའི་ཚེས་༤་ཉིན་ཨ་རིའི་གྲོས་ཚོགས་འོག་མས་ཁྲིམས་གཞི་དེར་སྤྱི་མོས་ཐག་གཅོད་བྱུང་། ཨ་རིའི་གྲོས་ཚོགས་གོང་མས་ན་ནིང་སྤྱི་ཟླ་༡༠་པར་ཁྲིམས་གཞི་དེར་སྤྱི་མོས་བྱུང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་རེས་གཟའ་ཕུར་བུའི་ཉིན་གྱི་དགོང་དྲོར་དངོས་སུ་ཁྲིམས་གཞི་དེར་མཚན་རྟགས་བསྐྱོན་འདུག་པའི་ཞིབ་ཕྲའི་གནས་ཚུལ་རྣམས་ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG