ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རང་སྲེག་ངོ་རྒོལ་བའི་ཆེད་དུ་སྒྲོལ་མ་འབུམ་ཚོགས།


རྒྱ་གར་ལྷོ་ཕྱོགས་ཀྱི་བྷེལ་ཀོབ་བོད་མིའི་གཞིས་ཆགས་སུ་ས་གནས་བོད་མི་ཚོས་ཉིན་བརྒྱད་རིང་ལ་སྒྲོལ་མ་འབུམ་ཚོགས་ཤིག་འཚོགས་བཞིན་པ་ཡོད་ཅིང་། འདི་ནི་བོད་ནང་གི་བོད་མི་ཚོས་རང་ལུས་མེར་བསྲེགས་ཀྱིས་༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་པ་དང་བོད་ལ་རང་དབང་དགོས། ཆོལ་གསུམ་གྱི་བོད་པ་ཚོ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་ཞེས་ཐུན་མོང་གི་འབོད་སྒྲ་དོན་ཙན་གསུམ་བསྒྲགས་ནས་རྒྱ་ནག་གི་སྲིད་ཇུས་ལ་ངོ་རྒོལ་བྱས་དང་བྱེད་བཞིན་ཡོད་པས། རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མི་བཞི་བརྒྱ་ལྷག་མཉམ་འཛོམས་ཀྱིས་༧རྒྱལ་བའི་ཞབས་བརྟན་དང་སྒྲོལ་མ་འབུམ་ཐེར་འདོན་བཞིན་ཡོད་པའི་སྐོར། ས་གནས་ནས་འདི་ཀ་རླུང་འཕྲིན་ཁང་གི་གསར་འགྱུར་མཁོ་གཏོང་བ་བསོད་ནམས་ཚེ་རིང་གིས་བཏང་ཡོང་བའི་གནས་ཚུལ་ཞིག་ལ་གསན་རོགས་གནང་།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG