ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྩོད་རྙོག་དང་རེ་བ་སྟོང་ཟད་དུ་གྱུར་བའི་གནས་ཚུལ་གྱིས་ཨ་རི་དང་རྒྱ་ནག་གི་འབྲེལ་བར་གནོད་སྐྱོན་བྱུང་བ།


ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་ཨོཽ་བཱ་མ་ཡིས་ཨེ་ཤི་ཡེའི་རྒྱལ་ཁབ་ཁག་གི་ནང་ནས་རྒྱལ་དོན་འཚམས་འདྲི་ཐོག་མ་དེ་རྒྱ་ནག་ལ་གནང་སྟེ་ ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བ་ གནས་རིམ་གསར་པ་ཞིག་གི་ཐོག་སླེབས་པ་བྱ་རྒྱུའི་རེ་བ་གནང་ཡོད་ཀྱང་ དོན་དངོས་ཐོག་དེ་འདྲ་གང་ཡང་མ་བྱུང་བའི་ཐོག་ཕན་ཚུན་འཁོན་རྩོད་དང་རེ་བ་སྟོང་ཟད་དུ་འགྱུར་བའི་གནས་ཚུལ་རིམ་པ་ཞིག་བྱུང་སྟེ་ ཡུལ་གྲུ་གཉིས་ཀྱི་འབྲེལ་བ་ཉམས་རྒུད་དུ་ཕྱིན་ཡོད་པའི་སྐོར་ ཨ་མི་རི་ཀའི་ཝ་ཤིང་ཀྲོན་པོས་ཀྲི་ཚགས་པར་ཐོག་ཐོན་པའི་གནས་ཚུལ་ཞིག དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG