ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་འདན་ཁོག་ས་གནས་སུ་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་དང་ཉེན་རྟོག་པས་བོད་པ་ཚོར་མེ་མདའ་བརྒྱབ་ནས་མི་འགའ་ཞིག་འདས་གྲོངས་སུ་གྱུར་ཡོད་ཅིང་། དེང་སྐབས་རྒྱ་ནག་གཞུང་གིས་འདན་ཁོག་ས་གནས་སུ་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་མྱུར་དུ་མཇུག་བསྒྲིལ་ཐབས་དང་། འདན་ཁོག་གི་བོད་པ་ཚོར་གདུང་སེམས་མཉམ་སྐྱེད་བྱེད་པའི་ཆེད་དུ་ བཞུགས་སྒར་དྷ་རམ་ས་ལར་བོད་པ་བཙན་བྱོལ་བ་ཚོས་མཆོད་འབུལ་དང་མར་མེའི་ཁྲོམ་སྐོར་བྱས་ཡོད་པའི་སྐོར། དྷ་རམ་ས་ལ་ནས་ང་ཚོའི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་པའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG