ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཚོའི་བགྲོ་གླེང་ལྔ་པ།


༄༅།། ཕྱི་ཟླ་༡༡་ཚེས་༢༠་སྟེ། རེས་གཟའ་ལྷག་པའི་དགོང་མོར་ཨ་མི་རི་ཀའི་མངའ་སྡེ་ཇཱོར་ཇི་ཡའི་གྲོང་ཁྱེར་ཨེ་ཊི་ལན་ཊར་སྤྱི་ལོ་༢༠༢༠་ལོའི་སྲིད་འཛིན་འོས་འདེམས་ལ་འགྲན་ཞུགས་བྱེད་མཁན་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་ཞུགས་པ་བཅུས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་བགྲོ་གླེང་བྱས་ཡོད་ཅིང་། འདི་ནི་དམངས་གཙོ་ཚོགས་པའི་ཁོངས་ཀྱི་སྲིད་འཛིན་འོས་མིའི་འགྲན་ཞུགས་པ་རྣམས་ཀྱིས་བགྲོ་གླེང་བྱས་པ་ཐེངས་ལྔ་པ་ཡིན་པར་མ་ཟད། སྐབས་དེར་འོས་མིའི་འགྲན་ཞུགས་པ་ཚོས་གནད་དོན་གང་དང་གང་ལ་གླེང་སློང་བྱས་ཡོད་མེད་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG