ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

ཀ་མ་ལ་ཧེ་རི་སིས་འོས་འདེམས་ཀྱི་དྲིལ་བསྒྲགས་དང་ཊམ་ལ་ཁ་གཏད།


༄༅།། ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མིར་འདེམས་སྒྲུག་བྱུང་བ་སྟེ། གྲོས་ཚོགས་གོང་མའི་འཐུས་མི་ཀ་མ་ལ་ཧ་རེ་སིས་གཟའ་ལྷག་པའི་ཉིན་མོར་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་གྱི་ལྷན་དུ་གཏམ་བཤད་ཐེངས་དང་པོ་གནང་བའི་སྐབས་སུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་གཞུང་འཛིན་སྐྱོང་གནང་ཕྱོགས་ལ་ཁ་རྡུང་དང་སྐུ་ཞབས་བྷ་ཌན་ལ་བསྔགས་བརྗོད་ཞུས་ཡོད་པར་མ་ཟད། སྲིད་འཛིན་ཊམ་གྱིས་སྔ་ཉིན་དེར་གསར་འགོད་ལྷན་ཚོགས་ཐོག་ཏུ་ཀ་མ་ལ་ཧ་རེ་སི་ནི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་བཞེངས་ནས་ཕམ་ཉེས་བྱུང་བ་ཞིག་རེད་ཅེས་གསུངས་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་པ་ཁག་པ་སངས་དབྱངས་སྐྱིད་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG