རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་གསུམ་གྱིས་ཟས་བཅད་ངོ་རྒོལ་བྱས་ཏེ་ཉིན་གྲངས་བཅུ་དྲུག་འགྲོ་གི་ཡོད་པ་དང་ རེས་གཟའ་མིག་དམར་གྱི་ཉིན་རྒྱ་གར་གྱི་ཉེན་རྟོག་པ་དངོས་སུ་ཟས་བཅད་ངོ་རྒོལ་བྱ་ཡུལ་དུ་འབྱོར་ནས་ཟས་བཅད་ངོ་རྒོལ་མཚམས་འཇོག་བྱེད་དགོས་པའི་ཡིག་ཐོག་བཀའ་བཏང་ཡོད་པ་བཅས་ཀྱི་སྐོར་འདི་གའི་གནས་ཚུལ་མཁོ་གཏོང་བ་ཚེ་རིང་དབང་རྒྱལ་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ཞིག་གསན་གྱི་རེད།