ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བཙོན་པ་བརྗེ་རེས་ཀྱི་གྲོས་མཐུན།


ཨབ་གྷ ཎི་སི་ཐན་གྱི་གཞུང་དང་ཏ་ལི་བྷན་ཤོག་ཁག་གིས་བཙོན་པ་བརྗེ་རེས་ཀྱི་གྲོས་མཐུན་ཞིག་བྱུང་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་ཅིང་། གྲོས་མཐུན་དེར་ཏ་ལི་བྷན་ཤོག་ཁག་གིས་བཙན་ཁྲིད་བྱས་པའི་ཨ་རིའི་སྤྱི་དམངས་སློབ་ཆེན་ཞིག་གི་སློབ་དཔོན་གཉིས་གློད་གྲོལ་བཏང་བ་དང་། ཨབ་གྷ་ཎི་སི་ཐན་གྱི་གཞུང་གིས་ཏ་ལི་བྷན་ཤོག་ཁག་གི་གནད་ཡོད་མི་སྣ་གསུམ་གློད་གྲོལ་གཏོང་རྒྱུ་ཡིན་ཞེས་འཁོད་འདུག

འདི་ནི་ཏ་ལི་བྷན་ཤོག་ཁག་དང་ཨབ་གྷ་ཎི་སི་ཐན་གྱི་སྲིད་གཞུང་གིས་ཞི་བའི་གྲོས་མོལ་བྱེད་ཀྱི་ཡོད་པར་གྲུབ་འབྲས་ཐོན་པ་ཞིག་ཡིན་པར་མ་ཟད། མ་འོངས་པར་མུ་མཐུད་དུ་གྲོས་མོལ་གྱི་ལམ་ནས་རྒྱལ་ཁབ་དེའི་ནང་འཁྲུག་ཞི་འཇགས་གཏོང་རྒྱུའི་རེ་བ་ཞིག་ཀྱང་བསྐྲུན་པ་རེད་ཅེས་བསྒྲགས་མོད། འོན་ཀྱང་ཏ་ལི་བྷན་ཤོག་ཁག་གིས་ལྟ་ཚུལ་དེར་ངོས་ལེན་བྱེད་ཀྱི་མེད་པ་བཅས་ཀྱི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་རྒྱུ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG