ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡུ་རོབ་ཀྱི་རྒྱལ་ཁབ་མང་པོ་ཞིག་ནང་ལས་མེད་དུས་སང་བར་མུ་མཐུད་མཐོ་པོར་གནས་རྒྱུ


ཡུ་རོབ་ཀྱི་རྒྱལ་ཁབ་མང་པོ་ཞིག་དང་ དེ་མིན་ཡར་ཐོན་ཅན་གྱི་རྒྱལ་ཁབ་མང་པོ་ཞིག་གི་ནང་དུས་སང་ལོ་བར་ལས་མེད་ཀྱི་གྲངས་འབོར་མུ་མཐུད་དེ་མཐོ་པོར་གནས་ཏེ་ དཔལ་འབྱོར་སླར་གསོ་ཡོང་རྒྱུར་འགོག་རྐྱེན་འཕྲད་རྒྱུ་དང་ གཞོན་སྐྱེས་ཚོར་འཚོ་བརྟེན་ལས་ཀ་རག་རྒྱུའི་གོ་སྐབས་ཆུང་དུ་འགྲོ་རྒྱུ་སོགས་ཀྱི་དཀའ་ངལ་ཡོང་རྒྱུ་རེད་ཅེས་ དཔལ་འབྱོར་མཉམ་འབྲེལ་དང་འཛུགས་བསྐྲུན་ཡར་རྒྱས་ལས་དོན་སྒྲིག་འཛུགས་ཀྱིས་བརྗོད་ཀྱི་ཡོད་པའི་སྐོར་ འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ལཱི་ས་ བྷི་རཱ་ཡནྜ་ཀྱིས་སྤེལ་བའི་གནས་ཚུལ་ཞིག་ དཔལ་མོ་མཁས་གྲུབ་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG