ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༣/༠༩/༢༥

ཐེ་ཝན་ལ་རྒྱལ་སྤྱིའི་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་འདུ་ཚོགས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རེས་གཟའ་པ་སངས་ཉིན་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་གྲོང་ཁྱེར་དུ་རྒྱལ་སྤྱིའི་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་དེ་ཚོགས་འདུག་དང་། ད་ཐེངས་ཀྱི་ཚོགས་འདུ་འདིར་འཛམ་གླིང་ཤར་ནུབ་ཡུལ་གྲུ་འདྲ་མིན་ནས་བོད་རྒྱ་མི་རིགས་ཁྱོན་མི་གྲངས་བརྒྱ་དང་ལྔ་བཅུ་ལྷག་མཉམ་ཞུགས་བྱས་ཡོད་ཅིང་། ཚོགས་ཆེན་དེར་༸གོང་ས་མཆོག་གིས་བརྙན་འཕྲིན་བརྒྱུད་ནས་གསུང་འཕྲིན་བསྩལ་ཏེ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་ཞུགས་པ་རྣམས་ལ་འཚམས་འདྲི་གནང་བ་དང་ཆབས་ཅིག བོད་རྒྱ་གཉིས་མ་མཐུན་པའི་དཀལ་ངལ་ཞིག་འཕྲད་ཡོད་པ་དེ་དངོས་ཡོད་གནས་ཚུལ་ཡིན། དཀའ་ངལ་དེ་མིས་བཟོས་པའི་དཀའ་ངལ་ཞིག་ཡིན་པས་ཕན་ཚུན་གདོང་ཐུག་ནས་དངོས་ཡོད་གནས་ཚུལ་གང་ཡིན་བགྲོ་གླེང་བྱས་ནས་ཤེས་རྟོགས་ཐུབ་པའི་སྒོ་ནས་དཀའ་ངལ་སེལ་ཐབས་བྱ་དགོས་ཞེས་གསུངས་པ་དང་། ༧གོང་ས་མཆོག་གིས་ཚོགས་ཞུགས་པ་རྣམས་ཀྱིས་ཐུན་མོང་གིས་དཀའ་ངལ་སེལ་ཐབས་ལ་བཀའ་བསྡུར་ལྷུག་པོ་བྱ་་དགོས་པ་དང་བཀའ་བསྡུར་ལྷུག་པོ་ཡོང་བའི་རེ་བའང་ཡོད་ཅེས་གསུངས་ཡོད་པ་རེད།།

XS
SM
MD
LG