ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་ཏུམ་ཁུར་གཙུག་ལག་སློབ་གྲྭར་ཆིབས་སྒྱུར།


རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཆེན་པོ་སེ་ར་བྱེས་གྲྭ་ཚང་དང་ཀར་ཎ་ཊ་ཀ་མངའ་སྡེའི་གཞུང་གི་ཏུམ་ཁུར་སློབ་གྲྭ་ཆེན་མོ་མཉམ་འབྲེལ་གྱིས་དུས་རབས་༢༡་པ་འདིར་འཛམ་གླིང་ཞི་བདེ་བསྐྲུན་ཐབས་ལ་བགྲོ་གླེང་དང་སློབ་གཉེར་པའི་ཉམས་མྱོང་བརྗེ་རེས། ལྷག་པར་དུ་ནང་པའི་ལྟ་གྲུབ་རྣམས་རྒྱ་གར་གྱི་སློབ་གྲྭ་ཆེན་ཁག་ལ་དར་སྤེལ་གཏོང་བའི་ལས་གཞི་ཞིག་འགོ་བརྩམས་ཡོད་ཅིང་། ཕྱི་ཟླ་༣་ཚེས་༦་ཉིན་སེར་བྱེས་གྲྭ་ཚང་དང་ཏུམ་ཁུར་སློབ་ཆེན་གྱི་བགྲོ་གླེང་ཐེངས་དང་པོ་ཚུགས་ཡོད་པ་མ་ཟད། ད་ཐེངས་བགྲོ་གླེང་མཛད་སྒོ་དེར་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་གནང་ཡོད་པའི་སྐོར། རྡོ་རྗེ་ཚེ་བརྟན་གྱིས་སེར་བྱེས་གྲྭ་ཚང་གི་དགེ་བཤེས་ཉི་མ་བཀྲ་ཤིས་ལགས་སུ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG