ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་ཐེ་ཝན་ལ་ཕེབས་ཐུབ་འའི་ཐུགས་རེ་ཡོད་ཅེས་གསུངས།


༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་གནས་སྟངས་ལ་རིམ་བཞིན་འགྱུར་བ་སོང་ན་གཅིག་བྱས་ན་ཐའེ་ཝན་ཕེབས་ཐུབ་པའི་ཐུགས་རེ་གནང་གི་ཡོད་། འོན་ཀྱང་ལམ་གསེང་གསུངས་ཐུབ་དཀའ་བ་རེད། སྐུ་གཟུགས་ཀྱི་དངོས་སུ་ཕེབས་ཐུབ་མིན་ལ་མ་ལྟོས་པར་ཐ་ཝན་་མི་མང་ལ་ཐུགས་ཐག་ཉེ་་བོ་གནང་གི་ཡོད་ཅེས་གསུངས་འདུག་པ་དང་། དེ་ཡང་རེས་གཟའ་ཉི་མའི་ཉིན་ཐའེ་ཝན་མི་མང་གིས་དྲྭ་ཐོག་༧སྐུའི་འཁྲུངས་སྐར་སྲུང་རྩིས་ཞུ་བ་དང་ཆབས་ཅིག་བློ་སྦྱོང་ཚིག་བརྒྱད་མའི་་བཀའ་ཆོས་ཞུ་བསྩལ་གནང་སྐབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སང་ཉིན་མགོན་པོ་གང་གི་༧སྐུའི་འཁྲུངས་སྐར་ཉིན་མོར་མི་རེས་ནས་མ་ཎེ་ཡིག་དྲུག་སྟོང་ཕྲག་རེ་བགྲང་དགོས་པ་དང་། དེ་འཁྲུངས་སྐར་གྱི་ཕྱག་རྟགས་ལེགས་ཤོས་དེ་ཡིན་ཞེས་གསུངས་འདུག་པ་བཅས་ཀྱི་སྐོར། ལྡི་ལི་གསར་པ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེར་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG