ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༧གོང་ས་མཆོག་གིས་བོད་པའི་ན་གཞོན་ཚོར་གསུང་ཆོས་མཇུག་སྒྲིལ།


༄༅།། ཕྱི་༦་པའི་ཚེས་༢་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་པའི་ན་གཞོན་ཚོར་སྤྱན་རས་གཟིགས་ཀྱི་དབང་དང་རྟེན་འབྲེལ་བསྟོད་པའི་གསུང་ཆོས་བཅས་ཉིན་གཉིས་ཀྱི་ཆོས་འབྲེལ་གྱི་མཛད་འཕྲིན་ཞིག་བསྐྱངས་པ་ལེགས་འགྲུབ་བྱུང་ཡོད་ཅིང་། ཐེངས་འདིའི་གསུང་ཆོས་ཀྱི་སྐབས་དེར་༧གོང་ས་མཆོག་གིས་མགོན་པོ་གང་ཉིད་སྐུ་ཁམས་བདེ་ཐང་ཡིན་པ་དང་བོད་པ་གཙོས་དད་ལྡན་མང་ཚོགས་རྣམས་བློ་བདེ་པོའི་ངང་དུ་སྡོད་དགོས་པའི་བཀའ་སློབ་སྩལ་བར་མ་ཟད། ༧གོང་ས་མཆོག་ནས་དེ་རིང་གི་དབང་འདི་བོད་ནང་གི་བོད་པ་ཚོ་དང་དད་ལྡན་ཀུན་ལ་གཅིག་མཚུངས་ཤིག་ཐོབ་ཡོད་པ་རེད། ད་ལྟའི་གཅིག་སྡུད་རིང་ལུགས་ཀྱི་དབང་བསྒྱུར་འོག་ཏུ་སྡོད་པ་ལས་བཙན་བྱོལ་དུ་བསྡད་པ་འདིས་འགྲོ་དོན་རྒྱ་ཆེན་སྐྱོང་ཐུབ་ཀྱི་འདུག་ཅེས་གསུངས་འདུག

ད་རེས་ཀྱི་གསུང་ཆོས་འདིར་སློབ་ཕྲུག་གཙོས་རྡ་རམ་ས་ལའི་ཁུལ་གྱི་བོད་པ་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་པ། དེ་བཞིན་རྒྱ་གར་བ་དང་ཕྱི་རྒྱལ་བ་བཅས་མི་སྟོང་ཕྲག་མང་པོ་འདུས། ༧གོང་ས་མཆོག་གིས་ཆོས་ཞུ་བ་ཚོར་རང་གི་གྲོགས་པོ་གྲོགས་མོ་དང་གཉེན་ཉེ་འབྲེལ་སུ་འདྲ་ཞིག་ཡིན་རུང་དེ་དག་ལ་སེམས་པ་བཟང་པོ་བྱ་དགོས། མ་ཎི་འདྲེན་དགོས་པ་དང་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ཅི་ཙམ་གསོག་ཐུབ་ན་བོད་དོན་བདེན་མཐའ་གསལ་བར་ཕན་ཐོགས་ཡོད་ཅེས་བཀའ་སློབ་སྩལ་འདུག་པའི་སྐོར། རྡ་ས་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG