ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་མ་རྗེ་བཙུན་པདྨའི་ལོ་རྒྱུས་བོད་འགྱུར་མ།


༄༅།། ཉེ་ཆར་བོད་ཀྱི་དཔེ་མཛོད་ཁང་དང་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་རྣམས་དཔེ་མཛོད་ཁང་དུ་ཕེབས་ནས་དྲྭ་ལམ་དུ་ཨ་མ་རྗེ་བཙུན་པདྨའི་མི་ཚེའི་ལོ་རྒྱུས་ཀྱི་དཔེ་དེབ་སྟེ། བོད་དང་ངའི་ལོ་རྒྱུས་ཞེས་པའི་བོད་འགྱུར་མ་དབུ་འབྱེད་གནང་ཡོད་ཅིང་། སྐབས་དེར་ཨ་མ་རྗེ་བཙུན་པདྨས་བརྙན་འཕྲིན་ནང་དུ་ངའི་མི་ཚེའི་ལོ་རྒྱུས་འཁོད་པའི་དཔེ་དེབ་དེ་ཐོག་མར་༡༩༩༧་ལོར་ཧྥ་རན་སིའི་ཧྥ་སྐད་དུ་བྲིས་པ་རེད། དེ་ནས་སྐད་ཡིག་གཞན་ལ་བསྒྱུར་ཟིན་པ་ཡོད་ཀྱང་ད་ལྟའི་བར་དུ་བོད་ཡིག་ལ་མེད་པ་རེད་ཅེས་གསུངས། བོད་ཀྱི་དཔེ་མཛོད་ཁང་གི་ངག་རྒྱུན་ལོ་རྒྱུས་སྡེ་ཚན་གྱི་འགན་འཛིན་དང་ལོ་ཙཱ་བ་ཚེ་དབང་བུ་ཁྲིད་ཀྱིས་ལས་ཞོར་དུ་དང་བླངས་ཀྱིས་ཨ་མ་རྗེ་བཙུན་པདྨའི་ལོ་རྒྱུས་དེ་བོད་ཡིག་ལ་བསྒྱུར་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་།

XS
SM
MD
LG