ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

༧གོང་ས་མཆོག་གིས་མེཀ་སི་ཀོའི་ནང་མང་ཚོགས་ལ་བཟང་སྤྱོད་ཀྱི་སྐོར་བཀའ་སློབ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མེཀ་སི་ཀོའི་ནང་དད་ལྡན་མང་ཚོགས་ལ་ཉིན་བཞིའི་རིང་གསུང་ཆོས་བསྩལ་རྒྱུའི་ཆོས་འབྲེལ་གྱི་མཛད་འཆར་ཞིག་བསྐྱངས་དང་སྐྱོང་བཞིན་པ་དང་འབྲེལ། ཚེས་༡༣རེས་གཟའ་ཉི་མའི་ཉིན། ཡུལ་དེའི་རྒྱལ་སའི་ནང་མང་ཚོགས་སྟོང་ཕྲག་མང་པོར་ཆོས་ལུགས་དང་འབྲེལ་བ་མེད་པའི་འཛམ་གླིང་སྤྱིའི་བཟང་སྤྱོད་སྐོར། བླང་དོར་གྱི་བཀའ་སློབ་ཞིག་ཀྱང་བཀྲིན་ཆེ་གནང་མཛད་ཡོད་པ་སོགས་ཀྱི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG