ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་གིས་ཏོག་དབྱིབས་ནད་དུག་གི་ཛ་དྲག་གི་དུས་སུ་སྨན་པ་དང་སྨན་ཞབས་པ་ཚོའི་བློས་གཏོང་ལ་བསྔགས་བརྗོད་གནང་འདུག


༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་འཛམ་གླིང་ནང་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཤུགས་ཆེར་སོང་ནས་ཛ་དྲག་གཉན་ཕྲང་ཅི་ཆེའི་དུས་སྐབས་འདིར་སྨན་པ་དང་སྨན་ཞབས་པ་སོགས་ཀྱིས་སོ་སོའི་ཚེ་སྲོག་ཤོར་བ་སོགས་བློས་གཏོང་ཆེན་པོ་བྱས་ཡོད་པ་དེར་རྗེས་སུ་ཡི་རང་དང་བསྔགས་བརྗོད་གནང་བ་དང་ཆབས་ཅིག ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག་པ་དང་། དེ་ཡང་རེས་གཟའ་ཉི་མའི་ཉིན་ཐེག་ཆེན་ཆོས་གླིང་ཕོ་བྲང་ནས་དྲྭ་རྒྱ་བརྒྱུད་དེ་དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་འཆད་འགྲེལ་གནང་སྐབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཤིན་ཏུ་ཛ་དྲག་ཆེ་བའི་གནས་སྟངས་འདིར་ཚན་རིག་པ་དང་སྨན་པ་སོགས་ཚང་མས་འགན་འཁུར་ཆེན་པོ་བཞེས་པར་བསྔགས་བརྗོད་གནང་བ་དང་ཆབས་ཅིག ནད་ཡམས་ཀྱིས་རྐྱེན་གྱིས་དཔལ་འབྱོར་སོགས་གང་ཅིར་དཀའ་ངལ་སྣ་ཚོགས་ལ་གདོང་ལེན་བྱེད་དགོས་གྱུར་ཡོད་པས་དེ་ལ་ཞུམ་པ་མ་བྱས་པར་སྙིང་སྟོབས་བསྐྱེད་དེ་གདོང་ལེན་བྱེད་དགོས་པ་ཡིན་ཞེས་གསུངས་འདུག་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།


XS
SM
MD
LG