ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

༧གོང་ས་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་གཟེངས་བསྟོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། འདས་པའི་ཟླ་ཤས་རིང་འཛམ་གླིང་གི་ཕྱོགས་མཐའ་གང་སར་ཏོག་དབྱིབས་ནད་དུག་ཁྱབ་པ་སྔོན་འགོག་ཆེད་དུ་རྒྱལ་ཁབ་ཚང་མས་ཕན་ཚུན་འགྲོ་འོང་བཀག་པར་མ་ཟད།   རྒྱལ་ནང་དུའང་འགྲོ་འོང་བཀག་འགོག་གི་སྲིད་ཇུས་ལག་ལེན་བསྟར།   ཇཱ་ཡེ་པུར་རྒྱལ་སྤྱིའི་རྩོམ་རིག་དུས་སྟོན་དུ་གྲགས་པ་སྟེ།  ཆེས་སྙན་གྲགས་ཅན་གྱི་དུས་སྟོན་དེས་མང་ཚོགས་ལ་འཛམ་གླིང་འདིར་མཚན་སྙན་ཆེ་བའི་མཁས་དབང་དང་རྩོམ་པ་པོ་རྣམས་ཀྱི་དགོངས་པ་དང་རྩོམ་ཡིག་བཅས་པ་མཚམས་སྦྱོར་ཞུ་བཞིན་ཡོད་ཅིང་།

༄༅།། འདས་པའི་ཟླ་ཤས་རིང་འཛམ་གླིང་གི་ཕྱོགས་མཐའ་གང་སར་ཏོག་དབྱིབས་ནད་དུག་ཁྱབ་པ་སྔོན་འགོག་ཆེད་དུ་རྒྱལ་ཁབ་ཚང་མས་ཕན་ཚུན་འགྲོ་འོང་བཀག་པར་མ་ཟད། རྒྱལ་ནང་དུའང་འགྲོ་འོང་བཀག་འགོག་གི་སྲིད་ཇུས་ལག་ལེན་བསྟར། ཇཱ་ཡེ་པུར་རྒྱལ་སྤྱིའི་རྩོམ་རིག་དུས་སྟོན་དུ་གྲགས་པ་སྟེ། ཆེས་སྙན་གྲགས་ཅན་གྱི་དུས་སྟོན་དེས་མང་ཚོགས་ལ་འཛམ་གླིང་འདིར་མཚན་སྙན་ཆེ་བའི་མཁས་དབང་དང་རྩོམ་པ་པོ་རྣམས་ཀྱི་དགོངས་པ་དང་རྩོམ་ཡིག་བཅས་པ་མཚམས་སྦྱོར་ཞུ་བཞིན་ཡོད་ཅིང་། ད་ལོའི་དུས་སྟོན་གོ་སྒྲིག་པ་ཚོས་བློ་སྟོབས་ལྡན་པའི་འཛམ་གླིང་གསར་པ་ཞེས་དྲྭ་ཐོག་གི་ལས་རིམ་ཞིག་གོ་སྒྲིག་ཞུས། ད་ནངས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྩོམ་པ་པོ་གྲགས་ཅན་ཕི་ཁོ་ཨ་ཡེར་གྱི་ལྷན་དུ་བྱམས་བརྩེའི་ས་བོན་ཞེས་པའི་བརྗོད་གཞིའི་ཐོག་ཏུ་བགྲོ་གླེང་གནང་སྟེ་རྒྱ་གར་གྱི་གནའ་བོའི་རིག་གནས་ཁག་ལ་ཞི་བདེ་དང་བྱམས་བརྩེ་བསྐྲུན་ཐུབ་པའི་ནུས་པ་འདུག་ཅེས་གཟེངས་བསྟོད་མཛད་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
XS
SM
MD
LG