ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༧

༸གོང་ས་མཆོག་འཛམ་གླིང་ཞི་བདེའི་ཆེད་ཀྱི་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་སུ་ཕེབས།


དེང་སྐབས་ཉི་ཧོང་ནང་བཀའ་སློབ་སོགས་ཀྱི་མཛད་འཆར་ཁག་བསྐྱངས་དང་སྐྱོང་བཞིན་པའི་བོད་ཀྱི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་རེས་གཟའ་པ་སངས་ཉིན། འཛམ་གླིང་ཞི་བདེའི་ཆེད་ཀྱི་ཆོས་ལུགས་རིས་མེད་ཀྱི་སྨོན་ལམ་གསུང་འདོན་ཞིག་ཏུ་ལྷན་བཞུགས་གནང་བ་དང་སྦྲགས། ཆོས་ལ་བརྟེན་ནས་མིའི་རིགས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དང་མ་འོངས་པར་ཡང་དེ་ལྟར་ཡོང་བ་དགོས་རྒྱུའི་ཐད་ནན་བཤད་གནང་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་གིས་སྐུ་ཚབ་དོན་གཅོད་ཁང་གི་གསར་འགོད་ལས་དོན་ཐད་ཀྱི་འབྲེལ་མཐུད་པ་བཀྲ་ཤིས་སྟོབས་རྒྱལ་ལགས་སུ་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་གྱི་རེད།


XS
SM
MD
LG