ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

༧གོང་ས་མཆོག་ནིའུ་ཡོག་གྲོང་ཁྱེར་ལ་ཆིབས་སྒྱུར།


ཕྱི་ཚེས་༡༧་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༣་དང་སྐར་མ་༢༦་ཡས་མས་སུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ལ་ཞབས་སོར་བདེ་བར་འཁོད་ཅིང་། སྐབས་དེར་བཞུགས་གནས་སྦི་ཁཱིན་མགྲོན་ཁང་གི་གཡས་གཡོན་དུ་ཆིབས་སྒྱུར་གྲ་སྒྲིག་ཚོགས་ཆུང་གི་འབྲེལ་ཡོད་མི་སྣ་ཁག་དང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས། སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་རྣམས་གཙོས་སེར་སྐྱ་མང་ཚོགས་ཀྱིས་༧གོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད།།

༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེངས་འདིར། ཀུན་ཁྱབ་ཐར་འདོད་གླིང་ཆོས་ཚོགས་དང་། རི་ཆ་ཀྲེ་གྷལ་རི་ཐེབས་རྩ་ཁང་ཐུང་མོང་ནས། གདན་ཞུའི་གསོལ་འདེབས་ཞུས་པ་བཞིན། ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ་ཞིག་ཡིན་ཞིང་། ཕྱི་ཚེས་ ༡༨ ཉིན་ནས་བཟུང་། ཉིན་གཉིས་དང་ཕྱེད་ཀའི་རིང་། ཤེས་རབ་སྙིང་བུ་དང་། དཀོན་མཆོག་རྗེས་དྲན། རྒྱས་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི། སྤྱོད་འཇུག་ལེའུ་དགུ་པའི་བཀའ་ཆོས་གནང་རྒྱུ་དང་། གཞན་ཡང་། འཚེ་མེད་ཞི་བའི་དགེ་མཚན་ཞེས་པའི་བརྗོད་གཞིའི་ཐོག མང་ཚོགས་ལ་བཀའ་སློབ་གསུང་བཤད་གནང་རྒྱུ་མ་ཟད། ཚེས་ ༢༡ ཉིན་རྒྱ་རིགས་རྩོམ་པ་པོ་ཉི་བཤུ་ལྷག་ཙམ་དང་ལྷན་དུ། དེང་རབས་ཀྱི་རྒྱ་ནག བཟང་སྤྱོད་ཀྱི་དོན་སྙིང་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་དང་འབྲེལ། བགྲོ་གླེང་གནང་རྒྱུའི་མཛད་རིམ་ཡང་ཡོད་པ་རེད་འདུག
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG