ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་ད་ལོའི་དགུན་ཁར་རྡོ་རྗེ་གདན་དུ་ཆོས་འབྲེལ་བསྐྱང་རྒྱུ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༸གོང་ས་མཆོག་གིས་འདི་ལོའི་དགུན་དུས་སུ་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་སྒྱུར་གྱིས་སེམས་ཅན་གྱི་འགྲོ་དོན་ཆེད་ཆོས་འབྲེལ་བསྐྱང་རྒྱུའི་ཐུགས་ཡིད་བརྟན་པོ་ཡོད་གསུངས།

བོད་མིའི་མགོན་སྐྱབས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དཔལ་ནཱ་ལེནྜའི་རྗེས་འཇུག་པ་ཞེས་པའི་རྒྱ་གར་གྱི་དད་ལྡན་པ་ཚོར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་ཉིན་གསུམ་རིང་གི་དབུ་མ་འཇུག་པའི་བཀའ་ཆོས་བསྩལ་གནང་བའི་ཉིན་མཐའ་མ་སྟེ་ཚེས་༡༩་ཉིན། ལོ་འདིའི་ལོ་མཇུག་གམ་ལོ་རྗེས་མའི་ལོ་མགོར་ནད་ཡམས་དེ་ཞི་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་སྒྱུར་བསྐྱང་རྒྱུར་ཐུགས་ངང་སྒུག་གནང་བཞིན་ཡོད་པ་མ་ཟད། མགོན་པོ་གང་ཉིད་ད་དུང་ལོ་ངོ་༡༥། ༢༠ རིང་སྐུ་འཚོ་བཞུགས་ཀྱིས་སེམས་ཅན་གྱི་འགྲོ་དོན་སྐྱོང་ཆེད་ཆོས་འབྲེལ་བསྐྱང་རྒྱུ་ནི་དགོངས་པ་གཙོ་བོ་དེ་ཡིན་དུས། འདི་ལོའི་དགུན་དུས་སུའང་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་སྒྱུར་གྱིས་སེམས་ཅན་གྱི་འགྲོ་དོན་ཆེད་ཆོས་འབྲེལ་བསྐྱང་གནང་མཛད་རྒྱུའི་ཐུགས་ཡིད་བརྟན་པོ་ཡོད་སྐོར་བཀའ་འགྲེལ་གནང་སོང་།

དཔྱད་བརྗོད་ལ་བལྟ།

XS
SM
MD
LG