ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཆིབས་སྒྱུར་གྱི་ཉིན་མཐའ་མར་༧གོང་ས་མཆོག་གིས་བོད་པ་ཚོར་དམིགས་བསལ་གྱི་མཇལ་ཁ་གནང་བ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་ཝ་ཤིང་ཊོན་གྱི་ཉེ་འཁྲིས་སུ་ནིའུ་ཡོག་གྲོང་ཁྱེར་དང་མངའ་སྡེ་གཞན་ནས་ཆེད་དུ་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་བར་ཕེབས་བསུར་བཅར་པ་རྣམས་ལ་མེ་རི་ལན་ཌེར་མངའ་སྡེར་ཡོད་པའི་ཨ་རིའི་རྒྱལ་ཡོངས་འཕྲོད་བསྟེན་ཞིབ་འཇུབག་ཁང་དུ་དམིགས་བསལ་གྱི་མཇལ་ཁ་དང་བཀའ་སློབ་བརྩལ་ཡོད་ཅིང་། ༧གོང་ས་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་གཉིས་ཕྱུག་པོ་ཡོད་པ་དང་བཟང་སྤྱོད་མ་ཉམས་པ་བྱ་དགོས་ཞེས་ལམ་སྟོན་མཛད་འདུག་པ་མ་ཟད། དེ་བཞིན་གཟའ་པ་སངས་ཉིན་རྒྱལ་ས་ཝ་ཤིང་ཊོན་གྱི་ཡེ་ཤུའི་གཙུག་ལག་ཁང་དུ་མི་མང་སྟོང་ཕྲག་གཉིས་ལྷག་ལའང་ལམ་སྟོན་བཀའ་སློབ་གནང་པའི་སྐོར་། བསོད་ནམས་གཡང་འཛོམས་ལགས་ཀྱིས་ཞིབ་ཕྲའི་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།
XS
SM
MD
LG