ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཚོག་གིས་འགྲོ་བ་མི་གཅིག་འགྱུར་གི་འདུ་ཤེས་གོང་མཐོར་གཏོང་དགོས་པའི་བསྐུལ་མ་གནང་བ།


༄༅།།སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་གོང་མཐོར་གཏོང་ཐུབ་ན་འཛམ་གླིང་འདིར་དཀའ་ངལ་འཕྲད་བཞིན་པ་རྣམས་སེལ་ཐུབ་རྒྱུ་ཡིན་པ་དང་། བྱམས་བརྩེ་ནི་འགྲོ་བ་མིར་རང་ཆས་སུ་ཡོད་པ་གཅིག་ཡིན་པས་དེ་ཉམས་ལེན་བྱེད་དགོས་པ་ཡིན་ཞེས་གསུངས་འདུག དེ་ཡང་རེས་གཟའ་ཉི་མའི་སྔ་དྲོ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དྲྭ་རྒྱའི་བརྒྱུད་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་བཞི་པའི་གསུང་ཆོས་ཀྱི་སྔོན་འགྲོར་བཀའ་གནང་དོན་འདས་པའི་དུས་རབས་ནང་སོ་སོའི་སྡེ་པ་དང་སོ་སོའི་སྤྱི་ཚོགས། སོ་སོའི་རྒྱལ་ཁབ་བཅས་པར་དམིགས་ནས་དམག་འཁྲུགས་བརྒྱབས་པ་དེས་ཕན་ཐོགས་གང་ཡང་བྱུང་མེད་པ་དང་། དམག་ཆེན་གཉིས་པའི་རྗེས་སུ་མཉམ་འབྲེལ་རྒྱལ་ཚོགས་དང་། དེ་རྗེས་ཡུ་རོབ་མཉམ་འབྲེལ། དེ་བཞིན་རྒྱ་གར་ལྟ་བུ་རྒྱལ་ཕྲན་ནས་སྤྱི་མཐུན་རྒྱལ་ཁབ་ལ་གྱུར་ནས་ཚང་མ་གཅིག་འགྱུར་གྱི་བསམ་པ་དང་ཞི་བདེ་ལྷིང་འཇགས་ཡོང་རྒྱུར་ཕན་ཐོགས་བྱུང་བ་རྣམས་རིམ་པས་ངོ་སྤྲོད་གནང་རྗེས། འཛམ་གླིང་ནང་ཞི་བདེ་ཡོང་བར་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་འཛིན་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་ཞེས་ལམ་སྟོན་གནང་བ་སོགས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་ལ་གསན་རོགས་གནང་།


XS
SM
MD
LG