ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་གིས་འབར་མ་དང་སེང་ག་ལའི་ནང་པ་ཚོར་འབོད་སྐུལ།


ཁ་སང་ཕྱི་ཟླ་༧་ཚེས་ཚེས་༦་དེ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད། ༧གོང་ས་རྒྱལ་དབང་སྐུ་ཕྲེང་༡༤་པ་མཆོག་དགུང་ལོ་༧༩་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཡིན་ཞིང་། ད་ལོའི་འཁྲུངས་སྐར་དུས་ཆེན་སྐབས་སུ་༧གོང་ས་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་དུས་འཁོར་དབང་ཆེན་ཐེངས་༣༣་པ་གནང་གི་ཡོད་པས། ༧གོང་ས་མཆོག་གིས་སྐུའི་འཁྲུངས་སྐར་གྱི་དུས་ཆེན་ལ་བསྟུན་ནས་ངོས་ནས་འབར་མ་དང་སེང་ག་ལའི་ནང་པ་ཚོར་ཁ་ཆེ་གྲངས་ཉུང་མི་རིགས་ལ་དྲག་སྤྱོད་སྤེལ་རྒྱུ་མཚམས་འཇོག་བྱེད་དགོས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། འབར་མ་དང་སེང་ག་ལའི་ནང་པ་ཚོས་དྲག་སྤྱོད་མ་སྤེལ་གོང་དུ་སངས་རྒྱས་ཀྱི་སྐུ་བརྙན་སྒོམ་དགོས་པ་དང་། སྟོན་པ་བཅོམ་ལྡན་འདས་ཀྱི་བསླབ་པ་གཙོ་བོ་བྱམས་དང་སྙིང་རྗེ་ཡིན། གལ་སྲིད་སངས་རྒྱས་བཅོམ་ལྡན་འདས་སྐུ་འཚོ་བཞུགས་ཡོད་པ་ཡིན་ན་དྲག་སྤྱོད་མྱོང་བའི་ཁ་ཆེ་ཚོ་སྐྱོབ་ངེས་ཡིན་ཞེས་དུས་འཁོར་དབང་ཆེན་གནང་ཡུལ་དུ་མི་མང་ཞུ་བ་སྟོང་ཕྲག་མང་པོར་དེ་ལྟར་གསུངས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG