ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་རྡུལ་ཕྲན་མཚོན་ཆའི་གནོད་འཚེ་གསལ་སྟོན།


༄༅།། དེ་རིང་གི་ཉིན་མོ་འདི་ནི་༡༩༤༥་ལོའི་ཕྱི་ཟླ་༨་པའི་ཚེས་༦་ཉིན་ཨ་མི་རི་ཀས་ཉི་ཧོང་གི་ཧི་རོ་ཤི་མ་གྲོང་ཁྱེར་དུ་རྡུལ་ཕྲན་འབར་མདེལ་ཆུང་བ་ཞིག་གཡུགས། དེ་ནས་ཉི་མ་གསུམ་གྱི་རྗེས་སུ་ཨ་མི་རི་ཀས་སླར་ཡང་ཧོང་ཀོང་གི་ན་གྷ་ས་ཀི་གྲོང་ཁྱེར་དུ་རྡུལ་ཕྲན་འབར་མདེལ་ཆེ་བ་ཞིག་གཡུགས་ནས་ལོ་༧༥་འཁོར་བ་དང་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་ནས་ལོ་༧༥་འཁོར་གྱི་ཡོད་པའི་དུས་དྲན་ཡིན་ཞིང་། སྐབས་དེའི་རྡུལ་ཕྲན་མཚོན་ཆ་གཉིས་ཀས་ཉི་ཧོང་གི་ཧི་རོ་ཤི་མ་གྲོང་ཁྱེར་དུ་མི་འབུམ་གཅིག་ལྷག་དང་ན་གྷ་སི་ཀི་གྲོང་ཁྱེར་དུ་མི་ཁྲི་ལྔ་ལྷག་བསད་པར་མ་ཟད། གྲོང་ཁྱེར་དག་གི་མི་མང་འབུམ་ཕྲག་མང་པོར་རྨས་སྐྱོན་ཕོག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱལ་བའི་གཟིམ་ཆུང་ནས་བོད་པའི་གཞོན་སྐྱེས་ཚོར་གནང་བའི་རྟེན་འབྲེལ་བསྟོད་པའི་གསུང་ཆོས་ཀྱི་ཉིན་མཐའ་མའི་ཆོས་འབྲེལ་དངོས་སུ་དབུ་འཛུགས་མ་གནང་གོང་དེར་མགོན་པོ་གང་ཉིད་ཉི་ཧོང་གི་གྲོང་ཁྱེར་དེ་དག་ལ་ཆིབས་སྒྱུར་བསྐྱངས་ཏེ་རྡུལ་ཕྲན་མཚོན་ཆའི་གནོད་འཚེ་གཟིགས་པའི་མྱོང་ཚོར་བཟོད་དཀའ་བ་ཞིག་བྱུང་རྣམས་གསལ་སྟོན་དང་། འཛམ་གླིང་འདི་ངེས་པར་དུ་རྡུལ་ཕྲན་མཚོན་ཆ་མེད་པ་ཞིག་ཏུ་བསྒྱུར་དགོས་ཞེས་གསུངས་ཡོད་པ་སོགས་ཀྱི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG