ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ལྡི་ལི་དོན་གཅོད་ཁང་གིས་ཐོངས་མཆན་ཞུ་ཕྱོགས་སོགས་ལ་སྲི་ཞུ།


༄༅།། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཅའ་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་རྒྱ་གར་རྒྱལ་ཡོངས་སུ་འགྲོ་འོང་བཀག་སྡོམ་གྱི་དུས་ཡུན་དེའི་རིང་ལ་ཐོངས་མཆན་ཞུ་བར་ཡིག་ཆ་སོགས་ཀྱི་དཀའ་ངལ་འཕྲད་ཡོད་མཁན་བོད་པ་མང་དག་ཅིག་ལ་སྲི་ཞུའི་ལས་དོན་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཅིང་། དེ་ཡང་ཏོག་དབྱིབས་ནད་དུག་གི་རྐྱེན་པས་ཟླ་བ་སྔོན་མའི་ཕྱི་ཚེས་༢༥ ནས་རྒྱ་གར་རྒྱལ་ཡོངས་སུ་འགྲོ་འོང་བཀག་སྡོམ་བྱས་པས་རྒྱ་གར་རྒྱལ་ནང་དང་ཕྱི་རྒྱལ་ནས་ཕེབས་མཁན་བོད་པ་མང་པོ་ཞིག་ལ་ཐོངས་མཆན་ཞུ་ཕྱོགས་དང་། དེ་བཞིན་སྐྱབས་བཅོལ་བའི་ལག་འཁྱེར་གྱི་དུས་ཡུན་ཕར་འགྱངས་བྱེད་ཕྱོགས་བཅས་ལ་དགོས་ངེས་ཀྱི་ཡིག་ཆ་སོགས་ཀྱི་དཀའ་ངལ་ཇེ་སྙེད་ཅིག་ཕྲད་དང་འཕྲད་མུས་ཡིན་སྟབས། ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གིས་རྒྱ་གར་གྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་འབྲེལ་གཏུགས་ཀྱིས་དཀལ་ངལ་ཁག་སེལ་དང་སེལ་མུས་ཡིན་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་ལྡི་ལིའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས་སུ་བཅར་འདྲི་ཞུས་ནས་གནས་ཚུལ་བཏང་བ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG