ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ནེའུ་ཡོག་ཁུལ་གྱི་བོད་མི་ཚོས་སྐུའི་འཁྲུངས་སྐར་དུས་ཆེན་ལ་སྲུང་བརྩི།


སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེ ན་པོ་མཆོག དགུང་གྲངས་ ༧༨ ལ་ཕེབས་པའི། སྐུའི་འཁྲུངས་སྐར་དུས་ཆེན་ལ། རྟེན་འབྲེལ་དང་སྲུང་བརྩི་ཞུ་ཆེ ད། ནེའུ་ཡོག་དང་ནིའུ་ཇ་སི་ཁུལ་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་འདི་བཞིན་དཔལ་ས་སྐྱའི་ཆོས་ཚོགས་བརྩེ་ཆེན་ཀུན་ཁྱབ་གླིང་དུ་ཆེད་གཟབ་རྒྱས་ངང་སྲུང་བརྩི་གནང་ཞིང་། སྐུ་མགྲོན་གཙོ་བོ་ས་སྐྱ་བདག་ཁྲི་རིན་པོ་ཆེ་དབུ་བཞུགས་ཐོག་ཨ་རི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་དང་། རིང་མིན་སྐུ་ཚབ་དོན་གཅོད་ཁང་གི་དོན་གཅོད་ཀྱི་ཕྱག་ལས་ཐུགས་འགན་བཞེས་མཁན་ཨོ་དཀར་ཚང་སྐལ་རྡོར་ལགས། དེ་བཞིན་བླ་སྤྲུལདགེ་འདུན་དང་། སེར་སྐྱ་མང་ཚོགས་སྟོང་ཚོ་འགལ་བས་་སྐལ་བཟང་གི་ཉིན་མོ་དེར་མཉམ་བཞུགས་གནང་ཡོད་པ་བཅས་ཀྱི་སྐོར་བསྟན་འཛིན་ཕན་ཐོགས་ལགས་ཀྱིས་བཏང་བས་གནས་ཚུལ་དེ་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG