ངོ་འཕྲད་བདེ་བའི་དྲ་འབྲེལ།

ལོ་རེའི་དབྱར་དུས་སུ་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་ཀྱི་གཞོན་སྐྱེས་ ཚོར་ནང་ཆོས་ངོ་སྤྲོད་ཀྱི་མཛད་རིམ་ཞིག་སྐྱོང་གི་ཡོད་པ་ལྟར། བཞུགས་སྒར་རྡ་རམ་ས་ལར་ནང་ཆོས་ངོ་ སྤྲོད་ཀྱི་མཛད་རིམ་ཐེངས་བདུན་པ་དེ་འགོ་འཛུགས་གནང་ཡོད་པ་རེད། ཐེངས་འདིའི་བོད་ཀྱི་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཀྱི་མཛད་རིམ་ནང་དུ་༧གོང་ས་མཆོག་དགུང་ལོ་༢༨ཐོག་བརྩམས་པའི་༼ལེགས་བཤད་བློ་གསར་མིག་འབྱེད།༽བཀའ་ཁྲིད་གནང་གི་ཡོད་པ་རེད། འདིའི་སྐོར་གྱི་གནས་ཚུལ་རྒྱས་པ་ས་གནས་ནས་འདི་ཀ་རླུང་འཕྲིན་ཁང་གི་ས་གནས་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།
XS
SM
MD
LG