ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༧གོང་ས་མཆོག་གི་ཉིན་བཅུའི་གསུང་ཆོས་དབུ་འཛུགས།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་སེར་ར་ཐེག་ཆེན་གླིང་དུ་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་གསུང་ཆོས་དབུ་འཛུགས་མཛད་ཡོད་ཅིང་། དེ་རིང་གསུང་ཆོས་དབུ་འཛུགས་ཀྱི་སྐབས་སུ་དགོན་པ་དང་གྲྭ་ཚང་ཁག་གི་གྲྭ་བཙུན་༢༠༠༠༠་ཙམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་༦༠་ལྷག་ནས་མི་མང་ཆོས་ཞུ་བ་༤༠༠༠་ཙམ་དང་། དེ་བཞིན་རྒྱ་བལ་འབྲུག་གསུམ་དང་བོད་སོགས་ནས་ཀྱང་ཆོས་ཞུ་བ་མི་༦༠༠༠་བརྒལ་བ་ཞིག་བཅས་ཁྱོན་བསྡོམས་ཐེངས་འདིའི་གསུང་ཆོས་ལ་མི་༣༠༠༠༠་ལྷག་འདུས་ཡོད་པའི་སྐོར། ང་ཚོའི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་གསུང་ཆོས་དབུ་འཛུགས་གྱི་ཉིན་དང་པོའི་སྐོར་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG