ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

འཕྲུལ་རིག་བེད་སྤྱད་དེ་མིའི་སེམས་ཚོར་གྱི་ས་ཁྲ་བཟོ་རྒྱུའི་ལས་འཆར་ལ་༧གོང་ས་མཆོག་གིས་རྒྱབ་སྐྱོར།


དེང་སྐབས་ ནད་མུག་འཁྲུག་རྩོད་ཀྱི་དཀའ་སྡུག་ཟམ་མི་ཆད་པའི་དཀའ་རྙོག་གི་ནང་ལྷུང་བའི་འཛམ་གླིང་འདི་ ཞི་བདེ་ཅན་ལ་འགྱུར་རྒྱུར་ བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ངལ་འཛད་མེད་སྐྱོན་གྱི་ཡོད་ཅིང་ ད་ལྟ་འཛམ་གླིང་འདིར་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་ནི་ མི་རང་གིས་བཟོས་པ་ཞིག་ཡིན་སྟབས་ རང་ཅག་འཚོ་གནས་བྱ་ཡུལ་འཛམ་གླིང་འདི་ ཞི་བདེ་ཅན་ལ་འགྱུར་རྒྱུར་ མིའི་རྒྱུད་ལ་རང་ཆས་སུ་ཡོད་པའི་བྱམས་པ་དང་ སྙིང་རྗེ་ལ་སོགས་པའི་བཟང་པོའི་ཡོན་ཏན་རྣམས་གོང་འཕེལ་གཏོང་ཐབས་བྱ་རྒྱུ་ནི་ ཤིན་ཏུ་གལ་ཆེན་པོ་ཡིན་ཞེས་ མགོན་པོ་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་བཀའ་གནང་གི་ཡོད་པ་ཙམ་དུ་མ་ཟད་ དེའི་ཐད་ དེང་དུས་ཀྱི་འཕྲུལ་རིག་གི་ཆ་རྐྱེན་བེད་སྤྱོད་བྱ་རྒྱུའི་ཚན་རིག་གི་ལས་འཆར་ཞིག་ཀྱང་སྤེལ་དགོས་པའི་བཀོད་མངགས་གནང་སྟེ་ ད་ཆ་ཚན་རིག་པ་རྣམས་ཀྱིས་མིའི་སེམས་ཚོར་ལ་དཔྱད་པ་བྱས་ཏེ་ སེམས་ཚོར་ངན་པའི་རིགས་ཞི་ཐབས་བྱ་རྒྱུར་ལམ་སྟོན་བྱེད་པའི་ས་ཁྲ་ལྟ་བུ་ཞིག་ཀྱང་གསར་བསྐྲུན་བྱས་ཡོད་པ་རེད།

XS
SM
MD
LG