ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

འགྲོ་བ་མི་ཐེར་འབུམ་བདུན་གཅིག་གྱུར་གྱི་འདུ་ཤེས་ཡོད་དགོས།


༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཇིག་རྟེན་འདིའི་དཀའ་རྙོག་རྣམས་སེལ་རྒྱུར་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་རྣམས་གཅིག་གྱུར་གྱི་འདུ་ཤེས་ཡོད་དགོས་ཅེས་གསུངས་འདུག་པ་དང་། དེ་ཡང་བྷི་བྷི་སི་དབྱིན་ཇིའི་རླུང་འཕྲིན་དང་བརྙན་འཕྲིན་ལས་ཁང་གིས་སྤྱི་ནོར་༧གོང་ས་ཆོག་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྲ་ལམ་བརྒྱུད་དེ་བཅར་འདྲི་ཞུས་པའི་ལེ་ཚན་ནང་དེང་འཇིག་རྟེན་ཁྱོན་ལ་ཁྱབ་གདལ་སོང་བའི་ཏོག་དབྱིགས་ནད་དུག་དང་འབྲེལ་བའི་དཀའ་ངལ་ལ་གདོང་ལེན་བྱ་རྒྱུར་ཐབས་ལམ་བཟང་ཤོས་སྐོར་བཀའ་འདྲི་ཞུས་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡིད་སྐྱོ་བའི་གནས་སྟངས་སྐབས་མི་རྣམས་ཀྱིས་བྱམས་བརྩེའི་རིན་ཐང་གི་དགོས་མཁོ་ངོས་བཟུང་ཐུབ་ཀྱི་ཡོད་པ་དང་། རྒྱུན་དུ་རིན་ཐང་དེ་ངོས་བཟུང་ཐུབ་ཀྱི་མེད་ནའང་། དཀའ་སྡུག་ལ་གདོང་ལེན་བྱེད་དགོས་གྱུར་སྐབས་་འགྲོ་བ་མི་རྣམས་ཕན་ཚུན་གཅིག་གིས་གཅིག་ལ་ཕན་གྲོགས་བྱེད་དགོས་པའི་འདུ་ཤེས་དེ་རང་བཞིན་ཡོང་གི་ཡོད་ཅེས་གསུངས་འདུག་པ་བཅས་ཀྱི་སྐོར་ཕུན་ཚོགས་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG