ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བཙན་བྱོལ་བོད་མིའི་ཁྲོད་ཏོག་དབྱིབས་ནད་རླབས་གསུམ་པའི་ཉེན་བརྡ་བཏང་པ།


ཕྱི་ཟླ་༨ཚེས་༡༩ཉིན་བོད་མིའི་སྒྲིག་འཛུགས་དབུས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་གསལ་བཤད་གནང་སྐབས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པས་ད་ལྟའི་དུས་སྐབས་སུ་ནད་ཡམས་དང་འབྲེལ་བའི་མཁས་པ་ཚོས་རྒྱ་གར་ནང་ཏོག་དབྱིབས་ནད་རླབས་གསུམ་པ་ཞིག་རིང་མིན་ཟླ་ཤས་ནང་ཚུད་ཡོང་ངེས་ཀྱི་ཚོད་དཔག་གནང་གི་ཡོད་དུས་བཙན་བྱོལ་བོད་མི་ཚོས་ཀྱང་དོ་སྣང་སྔོན་འགོག་དགོས་པ་འགྲེལ་བརྗོད་གནང་ཡོད་པའི་ཞིབ་ཕྲའི་གནས་ཚུལ་འདི་གའི་བཞུགས་སྒར་རྡ་རམ་ས་ལའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།


XS
SM
MD
LG