ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བོད་མིའི་སྒྲིག་འཛུགས་ཀྱིས་ཇེ་ཨན་ཡུ་མཐོ་སློབ་ཀྱི་སློབ་ཡོན་ཐད་ཞུ་གཏུག་གནང་མུས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཇ་ཝར་ཧར་ལལ་ ནེ་རུ་གཙུག་ལག་སློབ་གཉེར་ཁང་གིས་སློབ་གཉེར་ཁང་དེར་ཡོད་ཕྱི་རྒྱལ་སློབ་མའི་ཟུར་བཅད་ས་མིག་ཐོག་སློབ་ཞུགས་གནང་མཁན་ཚོའི་སློབ་ཡོན་དེ་སྔ་ལོ་ནས་སྤར་ཆ་ཆེན་པོ་གནང་པའི་རྐྱེན་བོད་ཕྲུག་སློབ་མ་ཉུང་ཤས་མ་གཏོགས་སློབ་ཞུགས་ཐུབ་ཐབས་མེད་པའི་དཀའ་ངལ་འཕྲད/

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་ནང་གི་ཤེས་ཡོན་ལྟེ་གནས་རྩེ་ཕུད་གྲས་སུ་ཆགས་ཀྱི་ཡོད་པ་ཇ་ཝར་ཧར་ལལ་ ནེ་རུ་གཙུག་ལག་སློབ་གཉེར་ཁང་གིས་སློབ་གཉེར་ཁང་དེར་ཡོད་ཕྱི་རྒྱལ་སློབ་མའི་ཟུར་བཅད་ས་མིག་ཐོག་སློབ་ཞུགས་གནང་མཁན་ཚོའི་སློབ་ཡོན་དེ་སྔ་ལོ་ནས་སྤར་ཆ་ཆེན་པོ་གནང་པའི་རྐྱེན་བོད་ཕྲུག་སློབ་མ་ཉུང་ཤས་མ་གཏོགས་སློབ་ཞུགས་ཐུབ་ཐབས་མེད་པའི་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར། བོད་མིའི་སྒྲིག་འཛུགས་ནས་གཙུག་ལག་སློབ་གཉེར་ཁང་དེ་ཉིད་གཙོས་པའི་འབྲེལ་ཡོད་རྒྱ་གར་གཞུང་གི་ལས་ཁུངས་དང་གནད་ཡོད་ཚོར་ཞུ་གཏུག་སྔ་རྗེས་གནང་དང་གནང་མུས་ཡིན་པ་གསུངས་གནང་སོང་། ད་ལྟའི་ཆར་གཙུག་ལག་སློབ་གཉེར་ཁང་དེའི་ནང་བོད་རིགས་སློབ་མ་༡༧ ཡོད་པ་སོགས་ཀྱི་སྐོར་རྒྱལ་ས་ལྡི་ལི་ནས་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་ངོ་སྤྲོད་གནང་ཡོད།
XS
SM
MD
LG